ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

2024-02-27 17:30:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༢པའི་ཚེས་༢༦ཉིན་གྱི་ཕྱི་དྲོ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼འདྲ་མཉམ་ཐོག་ནས་འགྲན་རྩོད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་རྨང་གཞིའི་ལམ་ལུགས་ཀྱི་སྒྲིག་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་རྒྱུ་༽ཞེས་པ་བརྗོད་གཙོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་དྲུག་པ་བྱས་ཡོད།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་། ཁོང་གིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་ལ་གནང་བའི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།  ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་།  གོམ་པ་རེ་རེ་བྱས་ནས་སྒྲུབ་པ་དང་ཆ་ཚང་བའི་ཐོག་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཡོང་བ་དང་འགག་གཏོར་གསར་པ་ཟམ་མི་ཆད་པར་མངོན་འགྱུར་ཡོང་བར་བྱས་ཏེ།  གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ཝང་དབྱི་མིང་གིས་གསལ་འགྲེལ་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་དང་ལིའུ་གོ་ཀྲུང་དང་རྒྱལ་དོན་ཨུ་ཡོན་ཝུའུ་ཀྲེང་ལུང་གིས་སྤེལ་རེས་གཏམ་བཤད་གནང་ཡོད། 
ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས།  རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཆེན་པོ་ལྡན་ཡོད་པས་མིག་སྔ་དང་ཕུགས་གང་ཡིན་རུང་གལ་འགངས་ཆེན་པོ་ཡོད། དམིགས་ཚད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་ཀྱིས་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་དང་།  རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཕུན་སུམ་ཚོགས་པ།  ཐོན་ལས་མ་ལག་འཐུས་ཚང་སོགས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུར་དམིགས་པ་དང་། གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ལ་ཚོད་འཛིན་བཟོ་བའི་འགག་གནད་ཏན་ཏིག་སེལ་བ།  རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལུགས་མཐུན་ངང་འཁོར་སྐྱོད་དང་ནུས་ལྡན་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་གྱི་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་གཏན་འབེབས་ཁྱོན་ཡོངས་ནས་གཙང་སེལ་བྱེད་པ་དང་། ཁྲོམ་རར་འཇུག་འཐུས་ཀྱི་མངོན་གསལ་རང་བཞིན་དང་མངོན་མེད་འགལ་རྐྱེན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་སེལ་བ། ས་གནས་ཀྱི་སྲུང་སྐྱོབ་དང་། ཁྲོམ་ར་ལོགས་དབྱེ། ཚོང་འགུག་མ་འདྲེན་ཟང་ཟིང་སོགས་མངོན་གསལ་དོད་པའི་གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག་ས་གནས་ལ་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་བྱས་ནས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུ་དེ་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། ལམ་ལུགས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་དང་། ཁྲོམ་རའི་འཇུག་འཐུས། དྲང་གཞག་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བཀོལ་སྤྱོད་རང་བཞིན་ཆེ་བའི་ལེ་ལག་ཚང་བའི་སྲིད་ཇུས་ཞིབ་ཕྲ་བཟོ་བ།  ནོར་ཁྲལ་དང་བསྡོམས་རྩིས་སོགས་ཐད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས།  རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་ཞིག་བསྐྲུན་རྒྱུར་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་བསྟན་གནང་ཡོད།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་ཝང་དབྱི་མིང་གིས་གསལ་འགྲེལ་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་དང་ལིའུ་གོ་ཀྲུང་དང་རྒྱལ་དོན་ཨུ་ཡོན་ཝུའུ་ཀྲེང་ལུང་གིས་སྤེལ་རེས་གཏམ་བཤད་གནང་ཡོད།