ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་རིམ་པས་སློབ་འགོ་ཚུགས་པ།

2024-02-27 17:27:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་སློབ་གྲྭ་འབྲིང་ཆུང་གིས་2024ལོའི་དཔྱིད་དུས་ཀྱི་སློབ་དུས་གསར་པར་བསུ་བ་ཞུས་ཤིང་། སློབ་གྲྭ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཇུས་འགོད་བྱས་ཏེ་སློབ་མ་ཚོ་སློབ་གྲྭར་ལོག་པར་དགའ་བསུ་ཞུས་པ་རེད། 
པེ་ཅིང་ཀྲུང་ཀོན་ཚུན་སློབ་ཆུང་དང་པོའི་“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”ཐོག  ཀྲུང་གོ་ཚན་རིག་ཁང་སྒྲ་སྐད་རིག་པ་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཞུས་ཀྲེན་གྱིས་སློབ་གྲོགས་ཚོ་དང་མཉམ་དུ་མཚོ་གཏིང་གི་གསང་བ་འཚོལ་ཞིབ་བྱེད་འགོ་བཙུགས་པ་རེད། 
ཀྲེ་ཅང་ཅ་ཤིང་ཁྲ་ཡོན་སློབ་ཆུང་དུ། ཚང་མས་ཕྲུ་གུ་དང་དགེ་རྒན་གྱིས་མཉམ་དུ་བཟོས་པའི་ལག་བཟོས་འབྲུག་རིང་འཁྱེར་ནས། སློབ་དུས་གསར་པར་སྨོན་འདུན་ཞུས་པ་རེད།
ཀན་སུའུ་ཅི་ཧྲི་ཧྲན་དུ་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་སློབ་གྲྭའི་ཁང་པ་ཕལ་ཆེ་བ་ཉམས་གསོ་དང་བརྟན་གཏོང་བྱས་ཟིན་པ་དང་། གཞན་ཡང་གཏོར་སྐྱོན་ཚབས་ཆེན་ཕོག་པའི་སློབ་གྲྭ་འགའ་ཤས་ཀྱི་སློབ་མ་ལིན་ཞ་ཁུལ་གྱི་འབྲེལ་ཡོད་སློབ་གྲྭར་གནས་སྤོས་བྱས་པ་རེད། མིག་སྔར་ཅི་ཧྲི་ཧྲན་རྫོང་གི་སློབ་མ་ཁྲི་6ལྷག་ཙམ་གྱིས་བདེ་བླག་ངང་སློབ་དུས་གསར་པར་བསུ་བ་ཞུ་ཐུབ་ཡོད།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་རིམ་པས་སློབ་འགོ་ཚུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོའི་སློབ་གྲྭ་འབྲིང་ཆུང་གིས་2024ལོའི་དཔྱིད་དུས་ཀྱི་སློབ་དུས་གསར་པར་བསུ་བ་ཞུས་ཤིང་།