ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལོ་71ཅན་གྱི་རྨོ་བོས་རླངས་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་པ།

2023-07-14 17:10:00     责编:娜科

   ལོ་71ཅན་གྱི་རྨོ་བོ་ཞིག་གིས་ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་བཏང་བའི་བརྙན་ཞིག་དྲ་ཐོག་ཏུ་ཁྱབ་པ་དང་། བརྙན་དེའི་ནང་དུ་ཁོ་མོས་ཁ་སྒྱུར་འཁོར་ལོར་འཇུས་ནས་རླངས་འཁོར་ལྷོད་ལྷོད་དུ་གཏོང་བཞིན་འདུག 

   ཟླ་7ཚེས་10ཉིན། གསར་འགོད་པས་རྨོ་བོ་ཞུའུ་ལགས་ཀྱི་བུ་མོ་ཨ་ཅེ་ཞུའུ་ལ་འབྲེལ་བ་བྱས་པ་ཡིན། ཨ་ཅེ་ཞུའུ་ཡིས་བཤད་དོན། རྨོ་བོ་ཞུའུ་ལགས་ལོ་ཆུང་སྐབས་སུ་འཁོར་གསུམ་འཁོར་ལོ་དང་། འཕྲུལ་རྟ། དོས་འདྲེན་རླངས་འཁོར་ཆུང་གྲས་སོགས་བཏང་མྱོང་ཞིང་། ལོ་50སྐབས་སུ་ཁ་ལོ་བའི་ལག་ཁྱེར་ཐོབ་པ་དང་། ལོ་20རིང་རླངས་འཁོར་བཏང་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། 

   ད་ལོའི་ཟླ་7ཚེས་3ཉིན། ཨ་ཅེ་ཞུའུ་ཡི་བུ་ཆུང་དབྱར་གནང་བཏང་བ་དང་། ཁོང་ཚང་གི་མི་རབས་གསུམ་པོ་ཧྲན་ཏུང་རི་ཀྲའོ་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ལ་ཆས་པ་རེད། 

   ཟླ་7ཚེས་9ཉིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ལྷག་གི་ཉག་ག་བརྒལ་དུས། ཨ་ཅེ་ཞུའུ་དང་བུ་ཆུང་གཉིས་ཀར་ལ་དུག་ཕོག་མོད། རྨོ་བོ་ཞུའུ་ལགས་ལ་ལུས་ཁམས་ཧ་ཅང་བདེ་ལ་སྐྱོན་གང་ཡང་མི་འདུག་ཅིང་ཁ་ལོ་བ་བྱས་ནས་ཉག་ག་ལས་བརྒལ་བ་རེད། 

   སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་བརྙན་དེ་དྲ་ཐོག་ཏུ་གྲགས་རྗེས། མི་མང་པོ་ཞིག་གིས་རྨོ་བོ་ཞུའུ་ལགས་ནི་ལས་འཁྱུར་ངལ་གསོ་བྱས་པའི་རྨོ་བོ་ཕྱུག་པོ་ཞིག་ཡིན་པ་འདོད་ཡོད། 

   ཨ་ཅེ་ཞུའུ་ཡིས། “ངའི་ཨ་མ་ལ་ལས་འཁྱུར་ངལ་གསོའི་སྒོར་མོ་མེད་ཀྱང་། མི་ཚེ་གང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་བསགས་དངུལ་ཅུང་ཙམ་ཡོད།” བརྗོད།

   “ཨ་མས་རང་ལོ་70དུས་སུ་རླངས་འཁོར་བཏང་ནས་བོད་ལྗོངས་སུ་འགྲོ་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། དངོས་ནས་སེམས་པ་སྐྱིད་པོ་འདུག་ཅེས་བཤད་ཀྱི་ཡོད ”ཟེར།

   ཨ་ཅེ་ཞུའུ་ཡིས། ཨ་མ་ལ་ལྟ་སྐྱོང་བྱ་ཆེད། ལམ་བར་དུ་རླངས་འཁོར་ག་ལེར་བཏང་བ་ཡིན་ལ། ལམ་བར་གྱི་ཡུལ་ལྗོངས་ལ་ལྟད་མོ་མང་ཙམ་བལྟ་ཐུབ་པའི་རེ་བའང་ཡིན་ཟེར། 

   “ལམ་བར་དུ་མི་ཆོས་མཛེས་ལྗོངས་མང་པོ་འདུག་པས། བུ་ཕྲུག་དང་ཨ་མ་ཁྲིད་ནས་མི་རིགས་མི་འདྲ་བའི་རིག་གནས་ཉམས་སུ་མྱོང་བ་ཡིན”ཟེར། 

འཛམ་གླིང་སྐར་ཁུངས།

ཉིང་རྡུལ་བཙོག་ཆུ་འཐུང་ཆོག་ཟེར་མཁན་ལ་འཐུང་དུ་འཇུག་དགོས།

ཝང་ཝུན་པིན་གྱིས་བསྟན་དོན། གལ་ཏེ་མི་ཁ་ཤས་ཀྱིས་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་འཐུང་ཆོག་པ་དང་།

中央广播电视总台 央广网 版权所有

ལོ་71ཅན་གྱི་རྨོ་བོས་རླངས་འཁོར་བཏང་ནས་བོད་ལྗོངས་སུ་བསྐྱོད་པ།

“ལམ་བར་དུ་མི་ཆོས་མཛེས་ལྗོངས་མང་པོ་འདུག་པས། བུ་ཕྲུག་དང་ཨ་མ་ཁྲིད་ནས་མི་རིགས་མི་འདྲ་བའི་རིག་གནས་ཉམས་སུ་མྱོང་བ་ཡིན”ཟེར།