ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཉིང་རྡུལ་བཙོག་ཆུ་འཐུང་ཆོག་ཟེར་མཁན་ལ་འཐུང་དུ་འཇུག་དགོས།

2023-07-14 16:08:00     责编:娜科

   ཚེས་11ཉིན་ཀྲུང་གོའི་ཕྱི་འབྲེལ་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་ཤིང་། ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་འབྲེལ་ཡོད་གནད་དོན་ཐད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བཤད་དོན། གལ་ཏེ་ཁྱེད་ཀྱིས་ཉེ་དུས་ཀྱི་སྨྱན་སྦྱོར་འཕྲིན་སྤེལ་ལ་དོ་སྣང་ཏོག་ཙམ་བྱས་ཚེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ཕྱོགས་བསྡུས་དཔྱད་དཔོག་སྙན་ཞུ་ནི་རྩོད་གཞི་ཡོད་པ་ཞིག་ཡིན་པ་ཤེས་ཐུབ། དཔྱད་དཔོག་ལ་ཞུགས་པའི་ཆེད་མཁས་པས་ལྟ་ཚུལ་མི་འདྲ་བ་སྤེལ་བ་དེ་ནི་རྩོད་ཐབས་བྲལ་བའི་དོན་དངོས་ཤིག་རེད། དེའི་ཐོག་ནས་སྒྲིག་གཞི་དེས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་རྙོག་འཛིང་ཆེ་བའི་གནད་དོན་དེའི་ཐད་བྲེལ་འཚུབ་ངང་སྙན་ཞུ་བཏོན་པ་དང་། འབྲེལ་ཡོད་སྡོམ་ཚིག་ཐད་ཚད་བཀག་རང་བཞིན་དང་ཕྱོགས་རེ་བའི་རང་བཞིན་ལྡན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་འཆར་གཞིར་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་མེད་པ་སླར་ཡང་མཚོན་ཡོད། ལྗར་པན་ཕྱོགས་ཀྱིས་སྒྲིག་གཞིའི་སྙན་ཞུ་དེ་རྒྱ་མཚོར་འབུད་པའི“ལམ་ཡིག”ལ་བརྩི་མི་རུང་། 

   ཝང་ཝུན་པིན་གྱིས་བསྟན་དོན། གལ་ཏེ་མི་ཁ་ཤས་ཀྱིས་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་འཐུང་ཆོག་པ་དང་། ཆུ་རྐྱལ་རྒྱག་ཆོག་སྙམ་ན། ང་ཚོས་ལྗར་པན་ཕྱོགས་ལ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་ཕུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་ཁྲལ་བྱེད་དུ་འཇུག་པ་ལས། བེད་སྤྱོད་ཡག་པོ་བྱས་ནས་དེ་འདྲ་ཟེར་མཁན་གྱི་མི་དག་ལ་འཐུང་དུ་འཇུག་པའམ་ཆུ་རྐྱལ་རྒྱག་ཏུ་འཇུག་པའི་གྲོས་འགོ་འདོན་རྒྱུ།

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིའི་མངའ་ཁོངས་བཙན་བཟུང་བྱས་པའི་ཐད།

རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད།

中央广播电视总台 央广网 版权所有

ཉིང་རྡུལ་བཙོག་ཆུ་འཐུང་ཆོག་ཟེར་མཁན་ལ་འཐུང་དུ་འཇུག་དགོས།

ཝང་ཝུན་པིན་གྱིས་བསྟན་དོན། གལ་ཏེ་མི་ཁ་ཤས་ཀྱིས་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་འཐུང་ཆོག་པ་དང་།