ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ།

2023-05-26 16:00:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།   རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལ་ནན་པོར་གཞིགས་ཐོག རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ ཧོ་པེ་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་སྲོལ་རྒྱུན་གྱི་སློབ་ཁང་ཁྱབ་རྒྱ་ཆེ་རུ་ཧུར་ཐག་བཏང་བ་དང་། གཞོན་ནུ་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་ཧོ་པེ་ཡི་ཕུན་སུམ་ཚོགས་པའི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་བེད་སྤྱོད་གང་ལེགས་བྱས་ཏེ། “ཉམས་ལེན་རྣམ་པའི”ས་གནས་ས་ཐོག་གི་ཞིབ་འཇུག་སློབ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེའི་གཞོན་ནུ་ལས་བྱེད་པར་འབྱུང་རྩ་ནས་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་མྱོང་ཚོར་ཐུབ་པའི་ཁྲིད་སྟོན་བྱས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཧོ་པེ་ཞིང་ཆེན་ཁྲལ་དོན་ཅུས་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲུའུ་ཧུང་གིས། ཧོ་པེ་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་སློབ་སྦྱོང་གི་ནང་དོན་བརྟན་དུ་གཏོང་བ་དང་། སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། སློབ་སྦྱོང་གི་རྣམ་པ་གསར་གཏོད་བྱེད་པ། གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བཅས་བྱས་ནས། གཞོན་ནུའི་ཁྲལ་དོན་ལས་བྱེད་པ་དེ་བས་མང་བས་སློབ་སྦྱོང་ལ་བསམ་བློ་གཏོང་བ་དང་། སློབ་སྦྱོང་བྱས་ནས་གོ་རྟོགས་སད་པ། སློབ་སྦྱོང་ལ་ཕན་འབྲས་ཐོབ་པ་བཅས་བྱས་ཐོག རང་འགུལ་ངང་ལང་ཚོ་ཏང་གི་ཁྲལ་བསྡུའི་བྱ་གཞག་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལོ་འདི་ཤར་ཚུན། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་རྒྱུན་མཐུད་དང་ལེགས་འགྱུར་ལག་བསྟར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་གཉིས་ཁྱབ་བསྒྲགས་བྱས་ཡོད། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཞ་མོན་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ཁེ་ལས་ཀྱི་སྣེ་ལེན་ཉིན་མོའི་དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་ཉུང་གཏོང་གི་ཆེད་དོན་བྱེད་སྒོ་སྤེལ་ཏེ“གཅིག་གཏད་གཅིག”གི་ཐོག་ནས་ཁེ་ལས་ཀྱི་གནད་དོན་དང་འདུན་ཞུ་མཐུན་སྦྱོར་ངང་ཐག་གཅོད་བྱས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཞ་མོན་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་འཇལ་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་ཝུའུ་ཅང་ཧྲེང་གིས་ངོ་སྤྲོད་གནང་བར། བྱེད་སྒོ་སྤེལ་ཡུལ་དུ། ང་ཚོས་ཁེ་ལས་ཀྱི་འཐུས་མི་དང་ཁེ་ལས་ཀྱི་ཞབས་ཞུ་འབྲེལ་མཐུད་ཆེད་དོན་མི་སྣ་10དང་བརྟག་ཞིབ་བཞུགས་མོལ་བྱས་པ་དང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་དང་། དམངས་ཕན་ཁྲལ་གཉེར་ཞབས་ཞུའི་བྱ་ཐབས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་དམིགས་ཏེ་བསམ་འཆར་ཉན་པ་དང་དགོས་མཁོ་འདྲི་བ། བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱོགས་གཅིག་ནས་བརྟག་ཞིབ་དང་། ཕྱོགས་གཅིག་ནས་ལེགས་བཅོས། ཕྱོགས་གཅིག་ནས་མཐོར་གཏོང་བཅས་བྱས་ཐོག བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ཉིད་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་དངོས་ལ་འགྱུར་བ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནང་སོག་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་20ལེགས་སྒྲིག་བྱས་པ་དང་འབྲེལ“སྲིད་ཇུས་སྐྱེལ་བ་དང་། དགོས་མཁོ་འདྲི་བ། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་འདོགས་པའི་འཚམས་འདྲིའི་བྱེད་སྒོ་གནད་སྨིན་ངང་སྤེལ་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནང་སོག་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་འཇལ་ཞབས་ཞུ་ཁྲུའི་ཁྲུའུ་ཀྲང་ཝང་ཤང་ཧྥེང་གིས། མིག་སྔའི་བར་ནང་སོག་རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་ཆི་དང་། རྫོང(ཆུས)6ལ་བརྟག་ཞིབ་བྱེད་པར་བསྐྱོད་ནས། གནད་དོན་95ཤེས་རྟོགས་བྱུང་བ་དང་གཞི་རིམ་གྱི་དོན་དངོས་སྔར་བས་མཐིལ་རྟོགས་བྱས་ཏེ་ཞིབ་བཤེར་དང་རྟོག་ཞིབ། བཅོས་སྒྲིག་བཅས་ཀྱི་དམིགས་ཚད་དང་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལས་ཁུངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་ཡན་རུའུ་ཡིས། ཁྲལ་དོན་སྡེ་ཚན་གྱིས་བརྟག་དཔྱད་ཞིབ་འཇུག་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནད་དོན། ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན། གཞི་རིམ་གྱི་ཁྲལ་དོན་ལས་བྱེད་ལས་བཟོ་བཅས་ཀྱིས་བཏོན་པའི་བསམ་འཆར་མང་བའི་གནད་དོན་ཆ་ལག་ཚང་བའི་ངང་གསེད་དཀྲོལ་བྱས་ཐོག སྐོར་ཞིབ་སྐོར་གཟིགས་དང་རྩིས་བཤེར་ལྟ་སྐུལ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། ཟླ་5པར་གནད་དོན་ཁག་གཅིག་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཐོག་དག་ཐེར་གྱི་གྲུབ་འབྲས་ཁག་གཅིག་གྲུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བ