ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འཛམ་གླིང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་ཐོན་འབོར་ཆེ་བའི་ཚོང་ཟོག་རིན་གོང་ཆགས་འགྲོ་བའི་རྣམ་པ་ཐོན་ཡོད་ཅེས་བསྟན་པ།

2023-05-23 15:34:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་དངུལ་ཁང་གིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་ཐོན་འབོར་ཆེ་བའི་ཚོང་ཟོག་ཁྲོམ་རའི་སྔོན་དཔག་ཅེས་པའི་སྙན་ཞུར་གཞིགས་ན། གོ་ལ་ཧྲིལ་པོའི་ཐོན་འབོར་ཆེ་བའི་ཚོང་ཟོག་རིན་གོང་དེ་ཆགས་འགྲོ་བའི་རྣམ་པ་ཐོན་ཡོད་པ་དང་། སྔོན་དཔག་བྱས་ན་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ནས་བཟུང་ཆགས་ཚད་འགྲོ་མགྱོགས་ཤོས་ལ་སླེབས་རྒྱུ་ཡིན་པ་རེད། སྤྱི་ཡོངས་ནས་བལྟས་ཚེ། 2023ལོར་ཐོན་འབོར་ཆེ་བའི་ཚོང་ཟོག་རིན་གོང་དེ་སྔོན་དཔག་བྱས་ན་ན་ནིང་ལས་བརྒྱ་ཆ་21ཆགས་རྒྱུ་ཡིན་པ། ནུས་ཁུངས་རིན་གོང་ཐད་ད་ལོ་སྔོན་དཔག་བྱས་ན་ཆགས་ཚད་བརྒྱ་ཆ་26ཟིན་རྒྱུ་རེད། ཡིན་ནའང་། མ་གཞི་ད་ལོའི་འབྲུ་རིགས་རིན་གོང་སྔོན་དཔག་བྱས་ན་ཆགས་ཚད་བརྒྱ་ཆ་8ཟིན་རྒྱུ་ཡིན་མོད། འོན་ཀྱང་སྔར་བཞིན་1975ལོ་ནས་བཟུང་གི་མཐོ་གནས་གཉིས་པར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འཛམ་གླིང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་ཐོན་འབོར་ཆེ་བའི་ཚོང་ཟོག་རིན་གོང་ཆགས་འགྲོ་བའི་རྣམ་པ་ཐོན་ཡོད་ཅེས་བསྟན་པ།

ནུས་ཁུངས་རིན་གོང་ཐད་ད་ལོ་སྔོན་དཔག་བྱས་ན་ཆགས་ཚད་བརྒྱ་ཆ་26ཟིན་རྒྱུ་རེད། ཡིན་ནའང་། མ་གཞི་ད་ལོའི་འབྲུ་རིགས་རིན་གོང་སྔོན་དཔག་བྱས་ན་ཆགས་ཚད་བརྒྱ་ཆ་8ཟིན་རྒྱུ་ཡིན་མོད། འོན་ཀྱང་སྔར་བཞིན་1975ལོ་ནས་བཟུང་གི་མཐོ་གནས་གཉིས་པར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།