ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་སྐབས་བཞི་པའི་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

2022-11-30 19:30:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཞི་པའི་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་དེ་སྤྱི་ཚེས་29ཉིན་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་བྱེད་པའི་བྱ་ཐབས་ཐོག་ནས་པེ་ཅིང་དང་མོ་སི་ཁོ་ས་གནས་གཉིས་སུ་གཉེར་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་སྦྱང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཧན་ཀྲེང་གིས། ནུས་རྒྱུའི་བདེ་འཇགས་ནི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་ནུས་རྒྱུའི་མ་ལག་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། ཐོན་ལས་འབྲེལ་ཐག་གི་བདེ་འཇགས་དང་བརྟན་ལྷིང་ཐད་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོས་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག ནུས་རྒྱུ་བདེ་འཇགས་ངང་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། ཀྲུང་ཨུ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ནུས་རྒྱུའི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་དམ་ཟབ་བཏོད་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

ཧན་ཀྲེང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ནས་ནུས་རྒྱུའི་ཚོང་དོན་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་པ་དང་། འཆར་གཞི་ལྟར་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ནུས་རྒྱུ་ཐོན་སྐྱེད་རྒྱལ་ཁབ་དང་། རྒྱལ་མཚམས་སྒྲོལ་དགོས་པའི་རྒྱལ་ཁབ། འཛད་སྤྱོད་རྒྱལ་ཁབ་བཅས་གསུམ་པོའི་བར་གྱི་མཐུན་སྦྱོར་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་ནུས་རྒྱུའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ཐུབ་པ་བྱས་ཏེ་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྲོམ་རའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། གསུམ་ནས་སྦགས་མེད་ཐཱན་ཉུང་གི་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་གི་རྣམ་པ་བཏོད་དེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པ་བཅས་ཡིན།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གཞོན་པ་ནོ་ཝ་ཁེ་དང་། ཨུ་རུ་སུའི་ཙུང་ཐུང་གི་ནུས་རྒྱུ་འཕེལ་རྒྱས་འཐབ་ཇུས་དང་འབྱུང་ཁམས་བདེ་འཇགས་ཨུ་ལྷན་གྱི་དྲུང་ཆེ། ཨུ་རུ་སུའི་རྡོ་སྣུམ་ཀུང་སིའི་སྤྱི་འདོམས་པ་ཤེད་ཆིན་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

ཤེད་ཆིན་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། ནོ་ཝ་ཁེས་ཤིས་ཚིག་གསུངས་པ་རེད།

ཀྲུང་ཨུ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་། ནུས་རྒྱུའི་ཁེ་ལས། དངུལ་རྩའི་ལས་ཁུངས ཞིབ་འཇུག་ལས་ཁུངས། ལས་རིགས་མཐུན་ཚོགས་བཅས་ཀྱི་འཐུས་མི་300ལྷག་ཙམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཧན་ཀྲེང་སྐབས་བཞི་པའི་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཞི་པའི་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་དེ་སྤྱི་ཚེས་29ཉིན་དྲ་ཐོག་དང་དྲ་འོག་ཟུང་འབྲེལ་བྱེད་པའི་བྱ་ཐབས་ཐོག་ནས་པེ་ཅིང་དང་མ