ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་ཐུག་འཕྲད་གནང་བ།

2022-11-29 15:54:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་28ཉིན་པེ་ཅིང་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ཐུག་འཕྲད་གནང་བ་རེད།
 ལི་ཁེ་ཆང་གིས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སྐུ་ཞབས་དང་གྲོས་མོལ་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་ཁྱོན་ཡོངས་ནས་གནང་ཡོད། ཀྲུང་གོའི་ཕྱོགས་ནས་མོང་གོལ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་ལ་བརྩི་འཇོག་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ས་ཁུལ་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་འདུག
 ལི་ཁེ་ཆང་གིས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ལ་འཛམ་གླིང་ཞི་བདེ་ཡོང་རྒྱུར་དགེ་མཚན་ལྡན་པའི་སྟོབས་ཤུགས་ཀྱང་བསྣན་ཡོད། ཀྲུང་གོའི་ཕྱོགས་ནས་མོང་གོལ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐང་རྒོད་ཅན་དུ་འགྱུར་རྒྱུ་འགོག་བཅོས། ནུས་རྒྱུ་གསར་སྤེལ་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་འགག་སྒོའི་ཟོག་འདྲེན་དང་ལྕགས་ལམ་འགག་སྒོ་སྦྲེལ་མཐུད་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་འདུག
ཧུའུ་རི་ལེ་སུའུ་ཧོ་ཡིས། ཀྲུང་གོས་ལོ་40ལྷག་ཙམ་རིང་སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱས་པར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཉོ་ཚོང་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། ཐང་རྒོད་ཅན་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་འགག་སྒོ་ནས་སྒྲོལ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་མོང་གོལ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག
ཝང་དབྱི་དང་ཧོ་ལི་ཧྥེང་སོགས་ཐུག་འཕྲད་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་ཐུག་འཕྲད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་28ཉིན་པེ་ཅིང་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་ཐུག་འཕྲད་གནང་བ་རེད།