ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་ལེགས་གྲུབ་ལྡན་པའི་ངང་རྒྱུ་སྐར་མིག་དམར་གྱི་ཚུགས་སྡོད་འཁོར་ལམ་དུ་འབྱོར་བ།

2021-02-25 15:59:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་རྒྱལ་ཁབ་མཁའ་སྐྱོད་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་29ཡི་ཐོག རང་རྒྱལ་གྱི་རྒྱུ་སྐར་མིག་དམར་ལ་བརྟག་ཞིབ་བྱེད་ཐེངས་དང་པོའི་ལས་འགན་འཁུར་བའི་གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་རྒྱུ་སྐར་མིག་དམར་དང་རྒྱང་ཐག་ཉེ་སར་བཀག་གཏོང་ཐེངས་གསུམ་བྱས་རྗེས། རྒྱུ་སྐར་མིག་དམར་གྱི་ཚུགས་སྡོད་འཁོར་ལམ་ཐོག་འབྱོར་ཡོད།

གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་འབྱོར་སའི་རྒྱུ་སྐར་མིག་དམར་གྱི་ཚུགས་སྡོད་འཁོར་ལམ་ནི་རྒྱུ་སྐར་མིག་དམར་དང་བར་ཐག་ཉེ་ཤོས་ལ་སྤྱི་ལེ་280དང་རིང་ཤོས་ལ་སྤྱི་ལེ་59000ཡོད་པའི་འཇོང་དབྱིབས་འཁོར་ལམ་ཞིག་ཡིན་པ་དང་། རྒྱུ་སྐར་མིག་དམར་ལ་བསྐོར་བ་ཐེངས་གཅིག་རྒྱག་པར་རྒྱུ་སྐར་མིག་དམར་གྱི་ཉིན་མོ་གཉིས་དགོས་པ་དང་། དེ་ཡང་ཆུ་ཚོད་49ཙམ་དགོས་ཀྱི་ཡོད། གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་དེས་འཁོར་ལམ་ཐོག་ཟླ་བ་གསུམ་ཙམ་འཁོར་རྒྱུག་བྱ་རྒྱུ་དང་། མཐའ་བསྐོར་ཡོ་བྱད་ཐོག་གི་བརྟག་ཞིབ་སྒྲིག་ཆས་7ཚང་མ་ཁ་ཕྱེ་ནས་ཚན་རིག་བརྟག་ཞིབ་བྱ་རྒྱུ་ཡིན་པ་རེད།

གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་དེ་སྤྱི་ལོ་2020ལོའི་ཟླ་7པའི་ཚེས་23ཉིན་འཕེན་གཏོང་ལེགས་གྲུབ་བྱུང་ཚུན། འཁོར་ལམ་ཐོག་ཉིན་215འཕུར་སྐྱོད་བྱས་ཟིན་པ་དང་། སའི་གོ་ལ་དང་བར་ཐག་སྤྱི་ལེ་དུང་ཕྱུར་2དང་བྱེ་བ་1དང་ས་ཡ་2ཡོད། སྤྱི་ལོ་2021ལོའི་ཟླ་2པའི་ཚེས་10ཉིན་བརྟག་ཞིབ་ཡོ་བྱད་རྒྱུ་སྐར་མིག་དམར་ལ་བསྐོར་བ་རྒྱག་པའི་འཁོར་ལམ་ཐོག་སླེབས་ཡོད་པ་དང་། སྤྱི་ཟླ་2པའི་ཚེས་15ཉིན་རྒྱུ་སྐར་མིག་དམར་དང་རྒྱང་ཐག་རིང་སའི་ས་ཚིགས་ཀྱི་འཁོར་ལམ་ཐོག་ངོས་སྙོམས་འཕྲུལ་སྒུལ་བྱས་ཡོད། སྤྱི་ཟླ་2པའི་ཚེས་20ཉིན་རྒྱུ་སྐར་མིག་དམར་དང་རྒྱང་ཐག་ཉེ་སའི་ས་ཚིགས་ནས་ཐེངས་གཉིས་པ་བཀག་གཏོང་བྱས་ཡོད་ཅིང་། མིག་སྔར་སྒྲིག་ཆས་ཀྱི་གནས་ཚུལ་ཡག་པོ་ཡོད་པ་དང་། འཕུར་སྐྱོད་དང་ཚོད་འཛིན་ལས་དོན་ཁག་རྒྱུན་ལྡན་ལྟར་སྤེལ་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བདེ་སྐྱིད།

中央广播电视总台 央广网 版权所有

གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་ལེགས་གྲུབ་ལྡན་པའི་ངང་རྒྱུ་སྐར་མིག་དམར་གྱི་ཚུགས་སྡོད་འཁོར་ལམ་དུ་འབྱོར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་རྒྱལ་ཁབ་མཁའ་སྐྱོད་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་29ཡི་ཐོག རང་རྒྱལ་གྱི་རྒྱུ་སྐར་མིག་དམར་ལ་བརྟག་ཞིབ་བྱེད་ཐེངས་དང་པོའི་ལས་འགན་འཁུར་བའི་གནམ་འདྲི་དང་པོ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱ