ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཁྱིམ་ཚང་དུ་རྒན་གསོ་བྱེད་པ་དེ་རྒན་གསོའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནང་དུ་འཇུག་རྒྱུ་ཡིན་པ།

2021-02-24 15:29:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། དམངས་སྲིད་པུས། དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་མཚམས་ཐིག་འགན་སྲུང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། གཞི་རྩའི་དམངས་འཚོའི་འགན་སྲུང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཁྱིམ་ཚང་གི་རྒན་གསོ་དེ་རྒན་གསོའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནང་དུ་འཇུག་རྒྱུ་ཡིན་ཞེས་བསྟན་ཡོད།

དམངས་སྲིད་པུས། རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཆུས་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་ཚད་གཞི་ཚང་མ་དབུལ་སྐྱོར་གྱི་དམིགས་དུ་སླེབས་པའམ་ཡང་ན་དམིགས་ཚད་ལས་བརྒལ་བ་བྱེད་རྒྱུ་དང་། ཁྱོན་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་1936མ་མཐའི་འཚོ་གནས་འགན་སྲུང་ངམ་ཡང་ན་དཀའ་ངལ་ཆེན་པོ་ཡོད་པའི་རྒན་གསོའི་ཁྱབ་ཁོངས་ནང་དུ་འཇུག་རྒྱུ་དང་། མི་གྲངས་ཁྲི་472དང་བརྒྱད་སྟོང་ལ་ཡིག་ཚགས་དང་གཱ་ཤོག་བཟོས་ཏེ་གནས་སྐབས་རོགས་སྐྱོར་ལག་ལེན་བསྟར་རྒྱུ་ཡིན་ཞེས་བསྟན་ཡོད། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཐང་ཁྲེང་ཧྥེ་ཡིས། བལྟོས་མེད་དབུལ་ཕོང་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ཡོད། འོན་ཀྱང་ཡོང་འབབ་ཉུང་ཞིང་དཀའ་ངལ་ཡོད་པའི་མང་ཚོགས་ད་དུང་དུས་ཡུན་རིང་པོ་ཞིག་གནས་སྲིད་པས། ཡོང་འབབ་ཉུང་བའི་མི་འབོར་གྱི་སྒུལ་རིས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མཛོད་འཛུགས་དགོས་ཞེས་གསུངས་པ་རེད།

མིག་སྔར། རང་རྒྱལ་གྱི་ཁྱིམ་དུ་སྡོད་པ་དང་སྡེ་ཁུལ་ལས་ཁུངས་ཀྱི་ཕན་ཚུན་མཐུན་སྦྱོར་ཐུབ་པ་དང་། སྨན་བཅོས་རྒན་གསོ་དང་བདེ་ཐང་རྒན་གསོ་ཟུང་སྦྲེལ་བྱེད་པའི་རྒན་གསོའི་ཞབས་ཞུའི་མ་ལག་ཐོག་མའི་ཆ་ནས་བསྐྲུན་ཟིན་པ་རེད། སྤྱི་ལོ་2020ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་ཆས་ཁྲི་28དང་ཆིག་སྟོང་ཟིན་པ་དང་། སྡེ་ཁུལ་གྱི་རོགས་རེས་རྣམ་པའི་རྒན་གསོའི་སྒྲིག་ཆས་ཁྲི་14དྲུག་སྟོང་ཟིན་པ། སྡེ་ཁུལ་རྒན་གསོའི་མལ་ཁྲི་ཁྲི་340དང་བརྒྱད་སྟོན་ཟིན་ཡོད་པ་རེད། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་པིང་གིས། སྲིད་ཇུས་བཏོན་ནས་ཁྱིམ་ཚང་དུ་རྒན་གསོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཁྱིམ་ཚང་དུ་རྒན་གསོ་བྱེད་པ་དེ་རྒན་གསོའི་ཞབས་ཞུའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ནང་དུ་འཇུག་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། དམངས་སྲིད་པུས། དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་མཚམས་ཐིག་འགན་སྲུང་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།