ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

འཕྲིན་ཐུང་འདི་རིགས་གཏན་ནས་བལྟ་མི་རུང་།

2023-08-23 14:41:00     责编:娜科

 

   ཚེས་21ཉིན། གསར་འགོད་པས་པེ་ཅིན་སྤོ་འགུལ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་། མངའ་ཁོངས་ཕྱིའི་མགོ་སྐོར་གཡོ་ལེན་དང་འབྲེལ་བ་ཡོད་པའི་འཕྲིན་ཐུང་ཐོན་མང་བའི་རྣམ་པ་མངོན་པ་དང་། ཟླ་4རིང་ཁོ་ནར་ཀྲུང་གོ་སྤོ་འགུལ་པེ་ཅིན་ཀུང་སིར(པེ་ཅིན་སྤོ་འགུལ་)ལ་སྤྱོད་མཁན་གྱིས་ཐེར་འདོན་བྱས་པའི་གྱོད་གཞི་1500ལྷག་ཙམ་འབྱོར་ཞིང་། དེའི་ནང་དོན་ཚང་མ་ནི་མངའ་ཁོངས་ཕྱི་རོལ་ནས་ཡོང་བའི་ཨང་གྲངས་ཀྱིས་བསྐུར་བའི་འཕྲིན་ཐུང་གད་སྙིགས་རྐྱང་ཡིན་པ་རེད།    

   ཉེས་གསོག་པས་རྒྱལ་སྤྱིའི་འཕྲིན་ཐུང་དང་། iMessageསོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས། གནོད་འཚེ་ཕོག་མཁན་ལ་ཁྲིམས་འགལ་གྱི་དྲ་ཚིགས་དང་། སྐད་འཕྲིན་ཚོགས་པ། QQཚོགས་པའམ་ཡང་ན་དེ་མིན་གྱི་གོ་རིམ་དང་སྦྲེལ་མཐུད་བྱ་རྒྱུའི་བསླུ་བྲིད་བྱས་རྗེས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཚོགས་པས་གནོད་འཚེ་ཕོག་མཁན་ལ་ཁ་བསླུས་རྒྱག་གི་ཡོད་པ་རེད།

   དཔེར་ན། པེ་ཅིན་སྤོ་འགུལ་གྱིས་འདོན་སྤྲོད་བྱས་པའི་གྱོད་དཔེ་ཞིག་ལས། ཉིན་ཞིག་ལ། སྐུ་ཞབས་ལི་ལགས་ལ་“00”ཨང་གྲངས་སྔོན་མ་ཡིན་པའི་བརྡ་འཕྲིན་ཞིག་འབྱོར་བ་དང་། དེ་ལ་སྦྲེལ་མཐུད་ཅིག་སྦྱར་ཡོད་པ་སྟེ། ཁོ་རང་“ཡི་གེ་བྲིས་ནས་ལས་འགན་སྒྲུབ་པའི”སྐད་འཕྲིན་ཚོགས་པའི་ནང་དུ་གདན་འདྲེན་ཞུས་ནས་གླ་དངུལ་སྤྲོད་རྒྱུ་བཤད་ཡོད། སྐུ་ཞབས་ལི་ལགས་ཀྱིས་དེ་ནི་སྤྱིར་བཏང་གི་ལས་མི་བསྡུ་བའི་བརྡ་ཞིག་ཡིན་པ་དང་། “ཁེ་བཟང་ཅུང་ཙམ་རག་ཐབས་བྱེད་པའི”བསམ་ཚུལ་བཅངས་ནས་དེའི་ནང་དུ་ཞུགས་ཏེ་ལས་ཀ་ཅུང་ཙམ་སྒྲུབ། ཚོགས་གཙོས་དུས་ཐོག་ཏུ་བར་གླ་ཕྱིར་སྤྲད། ཆེས་མཇུག་མཐའ་ལ། ཚོགས་གཙོས་སྒོར5000སྔོན་ལ་སྤྲོད་དགོས་པའི་རེ་བ་བཏོན། དེའི་རྗེས་གླ་དངུལ་དང་མཉམ་དུ་ཕྱིར་སྤྲོད་རྒྱུ་ཁས་བླངས། སྐུ་ཞབས་ལི་ལགས་ཀྱིས་ཁོ་ལ་ཐེ་ཚོམ་ཅི་ཡང་མ་བྱས་པར་སྤྲད། ཡིན་ནའང་དངུལ་སྤྲད་རྗེས་སྐད་འཕྲིན་ཚོགས་པ་ནས་ཕྱིར་ཕུད་པ་མ་ཟད་མིང་ཐོ་ནག་པོར་བཅུག སྒོར་5000ཡང་དེ་ལྟར་ཕྱིར་རགས་མེད།

   པེ་ཅིན་སྤོ་འགུལ་གྱིས་བཤད་དོན། གོང་གསལ་ནི་དཔེ་མཚོན་གྱི“རྒྱལ་སྤྱིའི་འཕྲིན་ཐུང་བཞུར་འདྲེན”གྱི་ཁ་བསླུས་རྒྱག་པའི་གྱོད་དཔེ་ཞིག་ཡིན་པ་དང་། མགོ་སྐོར་གཏོང་མཁན་གྱིས་ནམ་རྒྱུན་མངའ་ཁོངས་ཕྱིའི་གཉེར་སྐྱོང་བའི“00འམ་+”ཨང་གྲངས་སྔོན་མ་ཡིན་པའི་ཨང་གྲངས་སྤྱད་ནས་བསླུ་བྲིད་དང་འཇམ་ཁྲིད་བྱས་ཏེ་ཁ་བསླུས་རྒྱག་གི་ཡོད།  “iMessageབཞུར་འདྲེན་”ཞེས་པ་ནི་ཀུ་ཤུ་རྟགས་ཅན་ལག་ཁྱེར་ཁ་པར་གྱི་iMessageཆ་འཕྲིན་བརྒྱུད་བསྐུར་དང་། སྐད་ཆ་ཤོད་སྟངས་མང་ཤོས་ནི“འགོ་ཁྲིད་ཀྱིས་ཨང་གྲངས་གསར་པ་བརྗེ་བ”རྒྱུ་མཚན་དུ་བྱས་ནས། གནོད་འཚེ་ཕོག་མཁན་ལ་སྐད་འཕྲིན་གསར་སྣོན་དང་། ཡང་ན་མུ་མཐུད་iMessageབརྒྱུད་སྐད་ཆ་མང་པོ་བཤད་ནས་ཡིད་ཆེས་སུ་བཅུག་རྗེས། དངུལ་བསྒྱུར་དང་དངུལ་གཏོང་སྤྲོད་ཀྱི་རེ་བ་ཞུས་ནས་ཁ་བསླུས་རྒྱག་པའི་དམིགས་ཡུལ་འགྲུབ་པར་བྱེད་ཀྱི་ཡོད།

   མིག་སྔར། “རྒྱལ་སྤྱིའི་འཕྲིན་ཐུང་བསྐུར་བའི”ཁ་བསླུས་ལ་དམིགས་ནས། པེ་ཅིན་སྤོ་འགུལ་གྱིས་སྤྱོད་མཁན་གྱི་འཕྲིན་ཐུང་བརྡ་གཏོང་ཞབས་ཞུ་བཏོན་ནས། གནོད་འཚེ་ཕོག་མཁན་གྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་རོགས་རམ་བྱས་ཡོད།  “00ཡང་ན་+”ཨང་གྲངས་སྔོན་མ་ཡིན་པའི་འཕྲིན་ཐུང་མཐོང་སྐབས། ངེས་པར་དུ་དོགས་ཟོན་བྱེད་དགོས་པ་མ་ཟད། ལག་ཁྱེར་ཁ་པར་རམ་ཡང་ན་སྦྲག་སྲིད་ཀྱི་ནུས་པ་སྤྱད་དེ། ངོ་མི་ཤེས་པའི་འབྲེལ་གཏུག་པས་བསྐུར་བའི་ཆ་འཕྲིན་བཀག་ནས་ཁ་བསླུས་རྒྱག་པའི་ཆ་འཕྲིན་བསྡུ་ལེན་བྱ་རྒྱུ་སྔོན་འགོག་བྱེད་དགོས། 

   ཀྲུང་གོ་སྤོ་འགུལ་གྱི་དྲན་སྐུལ། སྤྱོད་མཁན་གྱིས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་ནན་པོ་བྱེད་པ་དང་། དོགས་གཞི་ཡོད་པའི་གནས་ཚུལ་དང་འཕྲད་སྐབས། མི་ཉན་པ་དང་ཡིད་ཆེས་མི་བྱེད་པ། དངུལ་སྒྱུུར་སྤྲོད་མི་བྱེད་པ། དངུལ་མི་བསྐུར་བ། ཕྱོགས་མང་པོའི་དཔང་རྟགས་འཚོལ་བ་དང་། གཟབ་ནན་ངང་བྱ་བ་སྒྲུབ་པ། མགོ་སྐོར་མི་ཐེབས་པ་བཅས་བྱེད་དགོས།

འཛམ་གླིང་སྐར་ཁུངས།

​​▶ཨུ་རུ་སུས་མོ་སི་ཁོར་ཡུག་རེན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ།

ཅུང་སྔ་ཙམ་གྱི་གོང་ལ། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཛ་དྲག་གནས་ཚུལ་སྡེ་ཚན་གྱི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

中央广播电视总台 央广网 版权所有

འཕྲིན་ཐུང་འདི་རིགས་གཏན་ནས་བལྟ་མི་རུང་།

ཀྲུང་གོ་སྤོ་འགུལ་གྱི་དྲན་སྐུལ། སྤྱོད་མཁན་གྱིས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་ནན་པོ་བྱེད་པ་དང་། དོགས་གཞི་ཡོད་པའི་གནས་ཚུལ་དང་འཕྲད་སྐབས། མི་ཉན་པ་དང་ཡིད་ཆེས་མི་བྱེད་པ། དངུལ་སྒྱུུར་སྤྲོད་མི་བྱེད་པ། དངུལ་མི་བསྐུར་བ། ཕྱོགས་མང་པོའི་དཔང་རྟགས་འཚོལ་བ་དང་། གཟབ་ནན་ངང་བྱ་བ་སྒྲུབ་པ། མགོ་སྐོར་མི་ཐེབས་པ་བཅས་བྱེད་དགོས།