ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གོམས་གཤིས་འདི་ལྔ་ཡིས་སྐྲན་ནད་སློང་ཉེན་ཡོད་པས་གཟབ་རོགས།

2023-08-19 19:11:00     责编:娜科

ཉེ་ཆར། ཟ་མ་བཟོ་བའི་གོམས་གཤིས་ངན་པ་ཡིས་ཁྱིམ་མིར་སྐྲན་ནད་སློང་སྲིད་པའི་སྐོར་གྱི་བརྗོད་གཞི་དེ་དྲ་ཐོག་ཏུ་མི་རྣམས་ཀྱིས་དོ་ཁུར་བྱེད་ཡུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།

 

 

ཐབ་ཚང་ནང་གི་གོམས་གཤིས་ངན་པ་མང་པོ་ཞིག་གིས་སྐྲན་ནད་སློང་སྲིད་ལ། ཁྱིམ་མི་ཡོངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ང་ཚོས་ཐབ་ཚང་ནང་གི་ཆེས་རྒྱུན་མཐོང་གི་གོམས་གཤིས་ངན་པ་ལྔ་ཕྱོགས་སྡོམ་བྱས་ཡོད།

 

1 སྣུམ་གྱི་དུ་བ་རྔུབ་ཆས་མི་ཕྱེ་བའམ་སྔ་ཙམ་སྒོ་རྒྱག་པ།

སྣུམ་གྱི་དུ་བ་རྔུབ་ཆས་ནི་ཐབ་ཚང་ནང་མེད་དུ་མི་རུང་བ་ཞིག་ཡིན་མོད། འོན་ཀྱང་མི་མང་པོ་ཞིག་གིས་བཤམས་རྒྱུ་ཞིག་ཏུ་བརྩིས་ནས་ཟ་མ་བཟོ་སྐབས་དེ་བེད་སྤྱོད་བྱེད་རྒྱུ་ཤིན་ཏུ་ཉུང་།  

 

 

ཐབ་ཚང་ནང་གི་སྣུམ་གྱི་དུ་བ་ནི་ཁང་པའི་ནང་གི་མཁའ་རླུང་སྦགས་བཙོག་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། དུས་ཡུན་རིང་བོར་སྣུམ་གྱི་དུ་བས་ཁེངས་པའི་ཁོར་ཡུག་ཏུ་གནས་ན། གྲེ་བའི་གཉན་ཚད་དང་སྣའི་གཉན་ཚད། གློ་ཡུའི་གཉན་ཚད་སོགས་ཀྱི་ནད་རིགས་འབྱུང་སྲིད་ལ། ཚབས་ཆེ་ན་གློ་སྐྲན་ཡང་བསྐྱེད་སྲིད། ནད་ཡམས་རིག་པའི་ཞིབ་འཇུག་ལས་བཟའ་བཏུང་གི་སྣུམ་གྱི་དུ་བ་དང་གློ་སྐྲན་གྱི་ནད་ཕོག་པའི་མི་ཚོགས་བར་འབྲེལ་བ་ཡོད་པ་ར་སྤྲོད་བྱས་ཡོད་པ་མ་ཟད། དེས་ཐ་མག་མི་འཐེན་པའི་མི་ཚོགས་ལ་གློ་སྐྲན་ཕོག་པའི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

 

2 སྒེར་གྱིས་བཟོས་པའི་སྣུམ་གྱིས་ཚལ་བཟོས་པ།

རྒན་རབས་པ་ཚོའི་སེམས་སུ་སྒེར་རམ་རང་གིས་བཟོས་པའི་སྣུམ་ནི་ཤིན་ཏུ་བདེ་ཐང་ཡིན་སྙམ་གྱི་ཡོད་མོད། འོན་ཀྱང་དོན་དངོས་སུ་དེར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེན་པོ་ཡོད་པས་འབྲས་སྐྲན་སློང་ཉེན་ཡོད།

 

 

སྒེར་གྱིས་བཟོས་པའི་སྣུམ་གྱི་རྒྱུ་ཆའི་སྤུས་ཀར་ཁག་ཐེག་བྱེད་མི་ཐུབ་པས།  ཉར་སྟངས་འོས་འཚམ་མ་བྱུང་རྐྱེན་ཧམ་སྤུ་རྒྱག་པའི་རྒྱུ་ཆ་འདྲེས་སྲིད་ལ། གལ་ཏེ་ཧོང་ཆུས་མེ་སུའུ་འགོས་ནས་བཙོག་པ་ཐེབས་པའི་སྣུམ་དེ་རྒྱུན་དུ་ཟོས་ན་མཆིན་པའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཡོད།

 

3 གཡོས་སྦྱོར་སྣུམ་ཡང་ནས་བསྐྱར་དུ་སྤྱོད་པ།

གཡོས་སྦྱོར་སྣུམ་གྱིས་དྲོད་ཚད་མཐོན་པོས་གཡོས་སྦྱོར་ཡང་ཡང་བྱས་ན། སྐྲན་ནད་འབྱུང་བའི་དངོས་རྫས་དང་ལྡོག་པའི་ཚིལ་སྐྱུར་མང་པོ་འབྱུང་ལ། སྐྲན་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་མ་ཟད། སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་ཡི་ཡོད།

 

4 སླ་ང་མི་བཀྲུ་བར་བསྟུད་མར་ཚལ་རྔོ་བ།

 

 

ཚལ་དང་པོ་བརྔོས་ཚར་རྗེས། སླ་ངའི་ངོས་སུ་སྔོ་ཚལ་དེའི་སྙིགས་རོ་དང་སྣུམ་ཚིལ་མང་པོ་འབྱར་ཡོད། གལ་ཏེ་དེ་མ་བཀྲུས་པར་མུ་མཐུད་དུ་ཚལ་གཉིས་པ་བརྔོས་ན།  ཚལ་དང་པོའི་སྙིགས་རོ་ཚིག་ནས་སྐྲན་ནད་སློང་བའི་དངོས་རྫས་འབྱུང་ལ།  སྣུམ་ཚིལ་ལྷག་རོ་ཐེངས་གཉིས་ལ་ཚ་སྣོན་བྱས་ན་ཡང་གནོད་ལྡན་དངོས་རྫས་ཐོན་གྱི་ཡོད།

 

5 ཚལ་ནང་དུ་ཚྭ་མང་པོ་འཕེན་པ།

《ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན》ནང་མི་རེས་ཉིན་རེར་ཚྭ་སྤྱོད་ཚད་ཁེ་5ལས་བརྒལ་མི་ཆོག་པ་བསྟན་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་མི་མང་ཆེ་བས་ཉིན་ལྟར་ཚྭ་སྤྱོད་ཚད་དེ་ཚད་གཞི་དེ་ལས་ཆེས་ཆེར་བརྒལ་ཡོད་པ་མ་ཟད། མི་འགའ་ཞིག་ཐ་ན་ལྡབ་2ཡན་བརྒལ་ཡོད།

 

 

ཚྭ་མང་པོ་ཟོས་ན་ཁྲག་ཤེད་མཐོ་བའི་ནད་འབྱུང་བ་མ་ཟད། རུས་པ་སོབ་སོབ་ཏུ་འགྱུར་ཞིང་།  ཕོ་བའི་གཞན་ཚད་དང་ཐ་ན་ཕོ་བའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་ཡི་ཡོད། དེའི་རྒྱུ་མཚན་ཡང་ཚྭ་མང་པོ་ཟོས་ན་ཕོ་བའི་འབྱར་སྐྱི་ལ་སྐྱོན་ཐེབས་ནས་ཕོ་བའི་ངོས་ཀྱི་ཕྲ་ཕུང་ལྷུང་སྲིད་པ་དང་། ཕོ་བའི་ངོས་ཀྱི་ཕྲ་ཕུང་ནི་ཕོ་བའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་འགོག་དངོས་ཡིན་ཞིང་། གལ་ཏེ་དེར་གནོད་སྐྱོན་ཐེབས་ན་ཕོ་བའི་གཉན་ཚད་ཀྱི་ཉེན་ཁ་ཇེ་ཆེར་སོང་ནས་མཐར་ཕོ་བའི་འབྲས་སྐྲན་སློང་གི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

​▶མི་5000ལས་བརྒལ་བའི་སྲོག་ཤོར་ཞིང་མི་ཁྲི་630ལྷག་མུ་གེ་ཚབས་ཆེན་་་

སུའུ་ཏན་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་14ཉིན་བསྟན་པ་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་གིས་རྒྱལ་ཡོངས་ཀྱི་སྨན་ཁང་200ལྷག་ཙམ་གྱི་སྒོ་རྒྱག་དགོས་བྱུང་ཡོད་ཅིང་།

中央广播电视总台 央广网 版权所有

གོམས་གཤིས་འདི་ལྔ་ཡིས་སྐྲན་ནད་སློང་ཉེན་ཡོད་པས་གཟབ་རོགས།

ཚྭ་མང་པོ་ཟོས་ན་ཁྲག་ཤེད་མཐོ་བའི་ནད་འབྱུང་བ་མ་ཟད། རུས་པ་སོབ་སོབ་ཏུ་འགྱུར་ཞིང་། ཕོ་བའི་གཞན་ཚད་དང་ཐ་ན་ཕོ་བའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་ཡི་ཡོད།