ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​▶མི་5000ལས་བརྒལ་བའི་སྲོག་ཤོར་ཞིང་མི་ཁྲི་630ལྷག་མུ་གེ་ཚབས་ཆེན་་་

2023-08-17 16:28:00     责编:娜科

མི་5000ལས་བརྒལ་བའི་སྲོག་ཤོར་ཞིང་མི་ཁྲི་630ལྷག་མུ་གེ་ཚབས་ཆེན་དང་འཕྲད་པ།

 

 

ད་ལོའི་སྤྱི་ཟླ་4ཚེས་15ཉིན་སུའུ་ཏན་དུ་དྲག་པོའི་གདོང་ཐུག་ཐོན་པ་ནས་བཟུང་ད་བར་ཟླ་བ་4ཏག་ཏག་ཕྱིན་ཡོད་ཅིང་། བསྡོམས་རྩིས་ལས་མངོན་པ་ལྟར་ན། དམག་འཁྲུག་ཁྲོད་སུའུ་ཏན་རྒྱལ་ནང་གི་མི་5000ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་ཟས་དང་སྨན་རྫས་སོགས་གཞི་རྩའི་འཚོ་བའི་མཁོ་རྫས་དཀོན་པ་དང་། རྒྱལ་ཁབ་དེའི་དུས་བབ་ཉིན་བཞིན་ཛ་ཇེ་དྲག་ཏུ་འགྱུར་བཞིན་ཡོད། 

 

 

འཛམ་གླིང་གི་གདོང་ཐུག་ལ་དོ་ཁུར་བྱེད་མཁན་སྲིད་གཞུང་མིན་པའི་རྩ་འཛུགས“དྲག་པོའི་གདོང་ཐུག་ཐོན་ས་དང་དོན་རྐྱེན་གྱི་གྲངས་མཛོད་རྣམ་གྲངས”ཀྱི་བསྡོམས་རྩིས་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་ཐོན་པ་ནས་སྤྱི་ཟླ་8ཚེས་4ཉིན་བར། རྩ་འཛུགས་དེས་སུའུ་ཏན་ས་ཁོངས་ནང་ཐོན་པའི་གཏུམ་སྤྱོད་དོན་རྐྱེན་ཁྱོན་1300ལྷག་ཙམ་ཟིན་ཐོར་བཀོད་ཡོད་ཅིང་། དོན་རྐྱེན་དེ་དག་ཁྲོད་མི་5000ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད། རྩ་འཛུགས་དེའི་བསྡོམས་རྩིས་ལས་ད་དུང་མངོན་པར། སྤྱི་ཟླ་7པ་ནས་བཟུང་སུའུ་ཏན་གྱི་རྒྱལ་སའི་ཁུལ་དུ་མི་སེར་ལ་དམིགས་པའི་དྲག་ཤུགས་དོན་རྐྱེན་དེ་སྤྱི་ཟླ་6པ་ལས་35%མང་དུ་ཕྱིན་ཡོད་པ་རེད།  

 

 

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་ནང་མི་ཁྲི་425ཡུལ་གྱར་བར་གྱུར་ཡོད་པ་དང་།  དེའི་ནང་མི་ཁྲི་97ཙམ་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཉེན་གཡོལ་བྱེད་པར་བསྐྱོད་ཡོད་ལ། མིག་སྔར་སུའུ་ཏན་གྱི་རྒྱལ་ནང་དུ་མི་ཁྲི་2030ལ་འབྲུ་རིགས་དཀོན་པའི་གནས་ཚུལ་ཚབས་ཆེན་དང་འཕྲད་ཡོད་པ་དང་། གྲངས་འབོར་དེས་རྒྱལ་ཁབ་དེའི་མི་འབོར་ཡོངས་ཀྱི་42%ཟིན་ཡོད། དེ་དག་ཁྲོད་མི་ཁྲི་680མུ་གེ་ཆེས་ཚབས་ཆེ་བའི་གནས་སུ་ལྷུང་བའི་ཉེན་ཁ་ཆེན་པོ་ལྡན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་དུ་ཁྱོན་མི་ཁྲི་2470ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མོད། འོན་ཀྱང་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་རོགས་ཟླའི་རོགས་སྐྱོར་གྱིས་དེ་དག་ཁྲོད་ཀྱི་མི་ཁྲི་300ཙམ་ལ་མ་གཏོགས་རོགས་རམ་བྱེད་ཐུབ་ཀྱི་མེད་པ་རེད། 

 

 

སུའུ་ཏན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་གནས་ཚུལ་ཡང་མི་རྣམས་སེམས་ཁྲལ་བྱེད་དགོས་པའི་གནས་སུ་གྱུར་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉེ་ཆར་ཐ་ཚིག་བསྒྲགས་པ་ལྟར་ན། མིག་སྔར་སུའུ་ཏན་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པ་ཁྲི་400ལ་དོས་དྲག་རང་བཞིན་གྱི་འཚོ་བཅུད་མི་འདང་བའི་གནས་ཚུལ་ཐོན་ཡོད་པ་དང་།  སླད་ཕྱིན་གྱི་ཟླ་བ་དྲུག་ནང་སུའུ་ཏན་དུ་འཚོ་བཅུད་མི་འདང་བའི་འབོར་ཚད་39%བར་མང་དུ་འགྲོ་སྲིད་པ་རེད། དེ་དང་ཆབས་ཅིག་འདར་ནད་དང་། ཏེང་ཀེ་རེའི་ཚ་ནད། སྐྱུག་བཤལ་སོགས་འགོས་ནད་རྒྱ་ཁྱབ་ངང་ཐོན་པའི་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། 

 

 

སུའུ་ཏན་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་14ཉིན་བསྟན་པ་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་གིས་རྒྱལ་ཡོངས་ཀྱི་སྨན་ཁང་200ལྷག་ཙམ་གྱི་སྒོ་རྒྱག་དགོས་བྱུང་ཡོད་ཅིང་།  མང་ཚོགས་ཁྲི་བརྒྱ་གྲངས་ཁ་ཤས་ཀྱིས་དམག་འཁྲུག་ལ་གཡོལ་ཆེད་རྒྱལ་ས་ནས་མཐའ་འཁོར་དུ་བྲོས་ཡོད་པས་ས་གནས་དེ་དག་གི་སྨན་བཅོས་ལས་ཁུངས་ཀྱི་ཁུར་པོ་ལྷག་པར་ལྕི་རུ་བཏང་ཡོད་པ་དང་། མིག་སྔར་རྒྱལ་སའི་མཐའ་འཁོར་ས་ཁུལ་དུ་སྨན་བཅོས་དངོས་རྫས་མཁོ་སྤྲོད་མང་དུ་གཏོང་རྒྱུའི་དགོས་གལ་ཆེན་པོ་ཡོད་པ་དང་། འཕྲོད་བསྟེན་པུའི་སྡེ་ཚན་གྱི་འགན་འཛིན་གྱིས་དྲག་ཆས་པས་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ཆས་བརྩན་བཟུང་བྱེད་མི་རུང་བ་དང་དེ་ཉིད་དམག་དོན་ཐད་མི་སྤྱོད་པའི་འབོད་སྐུལ་གནང་ཡོད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

བར་སྣང་དུ་ཡུལ་སྐོར་ལ་འགྲོ་ན་ཨ་སྒོར་ཁྲི་45དགོས་འདུག

ཝུའེ་ཀྲེན་དགུ་ཚིགས་ཀུང་སི་2004ལོར་བཙུགས་པ་དང་ད་བར་ཀུང་སི་དེས་བར་སྣང་དུ་སྐྱོད་པའི་གནམ་གྲུའི་འཛིན་བྱང་800ཙམ་བཙོངས་པ་དང

中央广播电视总台 央广网 版权所有

​▶མི་5000ལས་བརྒལ་བའི་སྲོག་ཤོར་ཞིང་མི་ཁྲི་630ལྷག་མུ་གེ་ཚབས་ཆེན་་་

སུའུ་ཏན་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་14ཉིན་བསྟན་པ་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་གིས་རྒྱལ་ཡོངས་ཀྱི་སྨན་ཁང་200ལྷག་ཙམ་གྱི་སྒོ་རྒྱག་དགོས་བྱུང་ཡོད་ཅིང་།