ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

བར་སྣང་དུ་ཡུལ་སྐོར་ལ་འགྲོ་ན་ཨ་སྒོར་ཁྲི་45དགོས་འདུག

2023-08-17 16:26:00     责编:娜科

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་གྱི་སྔ་དྲོར་དབྱིན་ཇིའི་ཝུའེ་ཀྲེན་དགུ་ཚིགས་ཀུང་སིས་མི་སྒེར་གྱི་ཡུལ་སྐོར་བ་ཁག་དང་པོ་དེ་བར་སྣང་དུ་བསྐྱལ་བ་དང་། དེས་ཀུང་སི་དེའི་ཚོང་ལས་ཀྱི་བར་སྣང་འཕུར་སྐྱོད་ལས་སྒོ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཀུང་སིའི་འཆར་གཞི་ལྟར་ན། སྤྱི་ཟླ་བརྒྱད་པ་ནས་བཟུང་ཟླ་རེར་བར་སྣང་ཚོང་ལས་འཕུར་སྐྱོད་ཐེངས་རེ་བྱ་རྩིས་ཡོད་པ་རེད། 
 

ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་གནམ་འོག་གི་ནོར་སྲིད་ལེ་ཚན་གྱི་བརྙན་རིས།
 

 

       ད་ཐེངས་ཀྱི་བར་སྣང་ཁམས་སུ་ཡུལ་སྐོར་དུ་སྐྱོད་མཁན་ཁྲོད་ཕ་ཅིན་སེན་ནད་ཕོག་པའི་ལོ་80ལ་སླེབས་པའི་དབྱིན་ཇིའི་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པ་ཟུར་པ་ཆའོ་ཨེན·ཀུའུ་ཏེ་ཝུན་དང་དེ་བཞིན་དགེ་སྒྲུབ་བྱ་དགའ་བླངས་ནས་སྡོད་གནས་ཐོབ་པའི་ཁའེ་ཧྲ་·ཧྲ་ཧ་ཕུའུ་དང་ཨ་ན་སི་ཐ་ཤིས་ཡ·མེ་ཡེ་སི་མ་བུ་གཉིས། གཞན་རྩལ་ཁྲིད་པ་ཞིག་ཀྱང་ཡོད་པ་རེད།

 

 

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་20ཙམ་ལ་ཝུའེ་ཀྲེན་དགུ་ཚིགས་ཀྱི་འཕྲུལ་ཕུང་གཉིས་ལྡན་གྱི་གྲུ་འདེགས་གནམ་གྲུ་ཞིག་ཨ་རིའི་མོ་ཞི་ཁོ་མངའ་སྡེ་གསར་པའི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་གྲུ་ཁ་ནས་འཕུར་ཞིང་། དེ་རྗེས་སུ་མེ་ཤུགས་འཕུར་མདའི་སྒུལ་གཏོང་གི་འཇིག་རྟེན་འཕུར་སྐྱོད་ཡོ་ཆས་ཀྱིས་སྐྱེལ་འདྲེན་བྱས་པའི་བར་སྣང་འཕུར་གྲུ་གནམ་གྲུ་དང་ཁ་བྲལ་ནས་ཁོང་ཚོ་སྤྱི་ལེ་88.5ཡི་མཁའ་དབྱིངས་སུ་བསྐྱལ། འགྲུལ་པ་ཚོས་ཉེན་ཟོན་ཐག་པ་བཀྲོལ་ནས་སྐར་མ་ཁ་ཤས་ནང་ལྗིད་ཚད་ཤོར་བའི་རྣམ་པ་ཉམས་ལེན་བྱས་ཏེ་སྒེའུ་ཁུང་ནས་མཁའ་དབྱིངས་ཀྱི་མཛེས་ལྗོངས་ལ་བལྟས། 

 

 

       དབྱིན་ཇིའི་ཝུའེ་ཀྲེན་དགུ་ཚིགས་ཀུང་སིའི་ཚོང་ལས་བར་སྣང་འཕུར་སྐྱོད་ཀྱི་འགྲུལ་པ་ཆའོ་ཨེན·ཀུའུ་ཏེ་ཝུན་གྱིས་འདི་ནི་དོན་དངོས་དང་རྦད་དེ་མི་མཐུན་པའི་ཉམས་མྱོང་ཞིག་རེད། མི་རྣམས་ལ་བག་ཆགས་ཟབ་ཤོས་ནི་བར་སྣང་ཁམས་ནས་སའི་གོ་ལར་བལྟ་རྒྱུ་དེ་ཡིན་ཞིང་། དྭངས་གཙང་དང་གསལ་པོ་ཡོད་པས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད། འདི་ནི་ངའི་མི་ཚེ་གཅིག་ནང་གི་ཆེས་མི་སེམས་འགུལ་བའི་ཉིན་མོ་ཞིག་ཡིན་པ་གདོན་མི་ཟ་ཞེས་བརྗོད་པ་རེད།

 

 

       དབྱིན་ཇིའི་ཝུའེ་ཀྲེན་དགུ་ཚིགས་ཀུང་སིའི་ཚོང་ལས་བར་སྣང་འཕུར་སྐྱོད་ཀྱི་འགྲུལ་པ་ཁའེ་ཧྲ་·ཧྲ་ཧ་ཕུའུ་ཡིས། རང་ཉིད་ད་དུང་བར་སྣང་ཁམས་སུ་ཡོད་པ་ལས་གནས་འདི་ན་མེད་སྙམ་ཡོང་ལ། བར་སྣང་ནས་ཕྱིར་ལོག་ཅིང་འདི་འདྲའི་བརྟན་པོའི་ངང་རྒྱུག་ལམ་དུ་འབབ་ཐུབ་པས། འདི་ངོ་མ་ཡ་མཚན་ཞིག་རེད། ཆེས་ངོ་མཚར་ཆེ་བའི་དོན་དག་ནི་དངོས་སུ་སའི་གོ་ལར་བལྟ་རྒྱུ་དེ་རེད་ཅེས་བརྗོད་པ་རེད།

 

 

       གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་འཕུར་སྐྱོད་ནི་ཝུའེ་ཀྲེན་དགུ་ཚིགས་ཀུང་སིའི་ཚོང་ལས་འཕུར་སྐྱོད་བྱེད་ཐེངས་གཉིས་པ་རེད། ཐེངས་དང་པོའི་འཕུར་སྐྱོད་དེ་གཟབ་ནན་གྱིས་བཤད་ན་ཞིབ་འཇུག་གི་ལས་འགན་ཞིག་ཡིན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནུས་ལྡན་གྱི་ཐེག་ཚད་ཇུས་འགོད་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་བར་སྣང་གི་ལྗིད་ཤུགས་ཕྲ་མོའི་ཁོར་ཡུག་བེད་སྤྱོད་བྱ་ཆེད་རེད།

 

 

       ཝུའེ་ཀྲེན་དགུ་ཚིགས་ཀུང་སི་2004ལོར་བཙུགས་པ་དང་ད་བར་ཀུང་སི་དེས་བར་སྣང་དུ་སྐྱོད་པའི་གནམ་གྲུའི་འཛིན་བྱང་800ཙམ་བཙོངས་པ་དང་གནམ་གྲུའི་སྤ་སེའི་རིན་གོང་དེ་གོང་གི་ཨ་སྒོར་ཁྲི་20ནས་ཨ་སྒོར་ཁྲི་45བར་འཕར་ནས་མི་དམངས་ཤོག་སྒོར་ཁྲི་325ཙམ་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ། 
ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

བཀག་རྒྱ་འདིས་རྒྱལ་སྤྱིའི་ཚོང་རར་ཟིང་ཆ་བསླངས།

ཉེ་དུས། གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཨེར་ཉི་ནུའོ་སྣང་ཚུལ་གྱི་གནམ་གཤིས་ཤུགས་རྐྱེན་ཐེབས་ནས་ཞིང་ལས་ཐོན་སྐྱེད་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།

中央广播电视总台 央广网 版权所有

བར་སྣང་དུ་ཡུལ་སྐོར་ལ་འགྲོ་ན་ཨ་སྒོར་ཁྲི་45དགོས་འདུག

ཝུའེ་ཀྲེན་དགུ་ཚིགས་ཀུང་སི་2004ལོར་བཙུགས་པ་དང་ད་བར་ཀུང་སི་དེས་བར་སྣང་དུ་སྐྱོད་པའི་གནམ་གྲུའི་འཛིན་བྱང་800ཙམ་བཙོངས་པ་དང