ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཕྲུ་གུར་གནས་ཚུལ་འདི་ལྟ་བུ་མི་ལྷག་པའི་ཆེད། ཁྱིམ་བདག་ཚོས......

2023-08-17 16:34:00     责编:娜科

    དབྱར་ཁའི་གུང་གསེང་སླེབས་པ་དང་སྦྲགས་ལོ་ཆུང་བྱིས་པ་མང་ཆེ་བ་གཅིག་པུར་རྩེད་མོ་རྩེ་བར་འགྲོ་བའི་དུས་ཚོད་ཀྱང་མང་དུ་ཕྱིན་ཡོད། དེས་མ་ཚད་བྱིས་པ་རྣམས་ཁུལ་ཆུང་གི་འཛུལ་སྒོ་དང་། མོ་ཊ་འཇོག་ས། སྡོད་ཁང་གི་ཉེ་འཁོར། གཞུང་ལམ་གྱི་ལམ་རྒྱུད་སོགས་སུ་རྩེད་མོ་རྩེ་རྒྱུར་དགའ་པོ་ཡོད་པས། འགྲིམ་འགྲུལ་ལས་འཛོལ་ཡང་མང་པོ་ཐོན་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེར་བརྟེན། ཁྱིམ་བདག་ཚོས་ངེས་པར་དུ་རང་ཉིད་ཀྱི་ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་དགོས། 

 

 གཅིག ཁུལ་ཆུང་གི་བགྲོད་ལམ་དང་མོ་ཊ་འཇོག་ས་སོགས་སུ་རྩེད་མོ་རྩེ་བ། 

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་པར། ལོ་ཆུང་བྱིས་པ་ཁ་ཤས་ལམ་འགྲམ་དུ་ཙོག་པུར་སྡོད་པའམ་ཡང་ན་གཞུང་ལམ་ཐོག་ཁ་བུབ་བསློགས་ནས་རྩེད་མོ་རྩེ་བར་དགའ་པོ་ཡོད། དེའི་སྐབས་སུ་ཁ་ལོ་བས་མོ་ཊ་འཇོག་སྐབས་དང་རྒྱབ་བཤིག་རྒྱག་སྐབས་རྒྱབ་མཐོང་ཤེལ་སྒོ་ནས་གསལ་པོ་མཐོང་གི་མེད་པས། བསམ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད། དེར་བརྟེན་ཁྱིམ་བདག་ཚོས་ངེས་པར་དུ་ཕྲུ་གུ་ལམ་ཁར་རྩེད་མོ་རྩེ་མི་རུང་བའི་ཁ་ཏ་བསླབ་བྱ་བྱེད་དགོས།

 

གཉིས། རང་དགར་གཞུང་ལམ་དུ་ཡར་རྒྱུག་མར་རྒྱུག་བྱེད་པ། 

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་པར། ཁྱིམ་བདག་ཚོས་ཕྲུ་གུ་འཁྲིད་ནས་རྐང་ཐང་མར་སྐྱོད་པའམ་ཡང་ན་མོ་ཊར་སྡོད་སྐབས་ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་དགོས་པ་ལས་ཁ་གཡེང་མིག་གཡེང་བྱེད་པའམ་ཡང་ན་ལག་ཐོགས་ཁ་པར་ལ་མགོ་འཁོར་ནས་སྡོད་པ་སོགས་རྩ་བ་ནས་བྱེད་མི་རུང་།

 

གསུམ། ཧོབ་སྟེ་རྒྱུག་ཤར་གློད་པ་དང་ལམ་ཕྱེད་ནས་ལྟག་ལོག་རྒྱག་པ། 

    འགྲིམ་འགྲུལ་ཉེན་རྟོག་པས་དྲན་སྐུལ་བྱས་པར། དེང་གི་ཆར། ཕྲུ་གུ་མང་ཆེ་བ་སྤོ་བོ་དང་རྨོ་བོས་ཉར་གྱི་ཡོད་པས། སྐབས་འགར་ཕྲུ་གུར་ལྟ་ལྟོག་བྱེད་པར་འཐུས་ཤོར་ཡང་འགྲོ་སྲིད། དེར་བརྟེན། རྣམ་ཀུན་ཕྲུ་གུ་ཚོས་གཞུང་ལམ་སྒྲོལ་སྐབས། ཧོབ་སྟེ་རྒྱུག་ཤར་གློད་རྒྱུ་མེད་ལ་ལམ་ཕྱེད་ནས་ལྟག་ལོག་རྒྱག་རྒྱུ་མེད། ལྷག་པར་དུ་གཞུང་ལམ་སྒྲོལ་སྐབས་ཕར་ལྟ་ཚུར་ལྟ་བྱས་ནས་མོ་ཊ་མེད་པའི་སྐབས་སུ། ལག་བརྡ་བྱས་རྗེས་གཞི་ནས་གཞུང་ལམ་སྒྲོལ་དགོས་པའི་སློབ་གསོ་རྒྱག་དགོས། 

འཛམ་གླིང་སྐར་ཁུངས།

​▶མི་5000ལས་བརྒལ་བའི་སྲོག་ཤོར་ཞིང་མི་ཁྲི་630ལྷག་མུ་གེ་ཚབས་ཆེན་་་

སུའུ་ཏན་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་14ཉིན་བསྟན་པ་ལྟར་ན། སུའུ་ཏན་གྱི་དྲག་པོའི་གདོང་ཐུག་གིས་རྒྱལ་ཡོངས་ཀྱི་སྨན་ཁང་200ལྷག་ཙམ་གྱི་སྒོ་རྒྱག་དགོས་བྱུང་ཡོད་ཅིང་།

中央广播电视总台 央广网 版权所有

ཕྲུ་གུར་གནས་ཚུལ་འདི་ལྟ་བུ་མི་ལྷག་པའི་ཆེད། ཁྱིམ་བདག་ཚོས......

དེང་གི་ཆར། ཕྲུ་གུ་མང་ཆེ་བ་སྤོ་བོ་དང་རྨོ་བོས་ཉར་གྱི་ཡོད་པས། སྐབས་འགར་ཕྲུ་གུར་ལྟ་ལྟོག་བྱེད་པར་འཐུས་ཤོར་ཡང་འགྲོ་སྲིད། དེར་བརྟེན།