ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

​​▶ཨུ་རུ་སུས་མོ་སི་ཁོར་ཡུག་རེན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ།

2023-08-23 10:51:00     责编:娜科

ས་གནས་དེ་གའི་དུས་ཚོད་ཟླ་8པའི་ཚེས་18ལ་ཨུ་རུ་སུའི་རྒྱལ་སྲུང་སྡེ་ཚན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཆུ་ཚོད་4པ་ཙམ་ལ་ཡུག་རེན་དམག་དཔུང་གིས་མི་མེད་གནམ་གྲུ་སྤྱད་དེ་མོ་སི་ཁོ་དང་མོ་སི་ཁོ་མངའ་སྡེའི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱེད་རྩིས་བྱས་པར། མི་མེད་གནམ་གྲུ་དེ་ཨུ་རུ་སུའི་མཁའ་ཟོན་མཚོན་ཆའི་ཕར་རྒོལ་ཐེབས་ནས་འཕུར་སྐྱོད་ལམ་ཐིག་ལ་འགྱུར་ལྡོག་བཏང་བ་མ་ཟད། མོ་སི་ཁོའི་སྡོད་ཁང་མིན་པའི་འཛུགས་སྐྲུན་ཞིག་གི་ཐོག་ཏུ་ལྷུངས་བ་དང་། མི་ཤི་རྨས་བྱུང་མེད་ལ་མེ་སྐྱོན་ཡང་ཐོན་མེད་པ་རེད། 

ཨུ་རུ་སུའི་མཁའ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།མོ་སི་ཁོར་མི་མེད་གནམ་གྲུའི་འཇབ་རྒོལ་ཕོག་པའི་ཤུགས་རྐྱེན་འོག  ཟླ་8ཚེས་18ཉིན་མོ་སི་ཁོའི་ཤེ་ལེ་མེ་ཅེ་ཝོ་དང་ཧྥུའུ་ནུའུ་ཁོ་ཧོ། ཏོ་མོ་ཨེ་ཏོ་ཝོ། ཧྥུའུ་ནུའུ་ཁེ་ཝོ། དེ་བཞིན་རུའུ་ཁོ་ཧྥུའུ་སི་ཅི་སོགས་ཀྱི་གནམ་ཐང་དུ་གནས་སྐབས་རིང་གནམ་གྲུ་འཕུར་འབབ་བྱེད་མཚམས་བཞག་པ་དང་། དུས་གཏན་གནམ་གྲུ་བདུན་ཧྲེང་པི་ཏེ་པའོ་དང་མེན་སི་ཁེ་སོགས་སུ་བབས་ཡོད།མིག་སྔར་གནམ་ཐང་ཚང་མ་རྒྱུན་གཏན་ལྟར་གཉེར་སྐྱོང་སླར་གསོ་ཐུབ་ཡོད། 

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཚེས་18ཉིན་མོ་སི་ཁོའི་གྲོང་སྤྱི་སུའོ་པི་ཡ་ཉིང་གིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།ཨུ་རུ་སུའི་མཁའ་ཟོན་ཁོངས་གཏོགས་ཀྱིས་ཉིན་དེར་མོ་སི་ཁོར་འཕུར་རྩིས་བྱེད་པའི་མི་མེད་གནམ་གྲུ་ཞིག་གཏོར་བ་དང་། མི་མེད་གནམ་གྲུའི་ཆག་རོ་མོ་སི་ཁོའི་འཛམ་གླིང་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱི་ས་ཁོངས་སུ་ལྷུངས་ཡོད། ཁྱབ་ཁོངས་དེ་ནི་མོ་སི་ཁོ་གྲོང་ཁྱེར་གྱི་ལྟེ་བར་གནས་ཡོད་པ་རེད།

ཅུང་སྔ་ཙམ་གྱི་གོང་ལ།  ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཛ་དྲག་གནས་ཚུལ་སྡེ་ཚན་གྱི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

ཡུག་རེན་ཕྱོགས་ཀྱིས་ད་བར་དེའི་སྐོར་ལ་སྐད་ཆ་གང་ཡང་བཤད་མེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རིག་འཛིན་སྐྱིད།

འཛམ་གླིང་སྐར་ཁུངས།

​​▶ཨུ་རུ་སུས་མོ་སི་ཁོར་ཡུག་རེན་གྱི་མི་མེད་གནམ་གྲུ་ཞིག་གཏོར་བ།

ཅུང་སྔ་ཙམ་གྱི་གོང་ལ། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཛ་དྲག་གནས་ཚུལ་སྡེ་ཚན་གྱི་ཆ་འཕྲིན་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན།མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་འགྲེམས་སྟོན་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

中央广播电视总台 央广网 版权所有