ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད།

2024-01-21 10:11:00     责编:娜科

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱདཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཕུགས་བསམ་བརྟན་དུ་གཏོང་དགོསཞེས་པ་གཏོང་སྤེལ་བྱས་ཡོད་པ་རེད།

མྱུར་དཔྱད་ནང་། ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེ་མོ་བའི་བྱ་དགའ”ཡི་དཔྱད་འདེམས་དང་གཟེངས་བསྟོད་ཐོག་མ་བྱེད་པའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་མི་སྣར་ཐུགས་རེ་ནན་པོ་བཅོལ་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གནས་བབ་ཧྲིལ་པོའི་ཁྲོད་བཟོ་སྐྲུན་ཆེ་མོ་བས་ཐོན་པའི་ནུས་པ་གལ་ཆེན་ནན་སྟོན་གནང་ཐོག དུས་རབས་གསར་པའི་བཟོ་སྐྲུན་ཆེ་མོ་བའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་མཛད་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་རང་རྒྱལ་གྱི་རྒྱ་ཆེའི་བཟོ་སྐྲུན་ལག་རྩལ་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀར་གཞོལ་ནས། འགག་རྩའི་ལྟེ་བའི་ལག་རྩལ་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་དང་རྩེར་སོན་ལས་གྲྭ་གསར་པ་དང་རྒྱལ་ཁབ་ཆེན་མོའི་མཐོ་གསར་ཚན་རྩལ་ཐོན་དངོས་གཏོད་རྒྱུར་ལྕག་སྐུལ་ཐེབས་ངེས་རེད་ཅེས་འཁོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད།