ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ཀྲུང་ཀོན་ཚུན་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།

2023-05-26 15:38:00     责编:桑吉卓玛

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་25ཉིན་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དེང་སྐབས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པས། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་རྒྱལ་སྤྱིའི་མཉམ་ལས་དང་སྒོ་དབྱེ་མཉམ་སྤྱོད་བྱེད་དགོས་ཀྱི་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་ཐོག འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། པེ་ཅིང་གིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ཀྲུང་ཀོན་ཚུན་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྔོན་འགྲོའི་ལག་རྩལ་གསར་གཏོད་དང་རྩེར་སོན་ཐོན་ལས་འཕེལ་རྒྱས་ཐད་ནུས་ཤུགས་ཡོད་རྒུས་མདུན་གྲལ་དུ་སྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།

2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་དེ་ཚན་རྩལ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་སྐྲུན་ཁང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། སྤྱི་ཚེས་25ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། བརྗོད་བྱ་གཙོ་བོ་ནི“སྒོ་དབྱེ་མཉམ་ལས་དང་འབྱུང་འགྱུར་མཉམ་སྤྱོད་བྱེད”ཅེས་པ་དེ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་ཀྲུང་ཀོན་ཚུན་གླེང་སྟེཊ་ལ་ཤིས་འཕྲིན་སྤྲིངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་25ཉིན་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།