ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཕ་ལམ་གྱི་རིན་གོང་35%ཆག་པས་ལོ་རྒྱུས་ཐོག་བྱ་ཐབས་འདི་འདྲ་བཟུང་བ།

2023-11-18 17:10:00     责编:娜科

       འདས་ཟིན་པའི་ལོ་ཁ་ཤས་ནང་། ཕ་ལམ་ནི་རྒྱས་སྤྲོས་དངོས་རྫས་ཁྲོམ་རར་དགའ་བསུ་ཐོབ་ཆེ་ཤོས་ཤིག་ཡིན་མོད། འོན་ཀྱང་། ད་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་ཕ་ལམ་གྱི་རིན་གོང་ཆེས་ཆེར་ཆག་ཡོད། དེའི་ཐད་ཕ་ལམ་ཁེ་ལས་ཆེ་གྲས་ཁག་གཅིག་གིས་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཕ་ལམ་གྱི་རིན་གོང་ཆག་ཚད་འགོར་དུ་བཏང་ཡོད། 

 

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་ཆ་འཕྲིན་མཉམ་བསྒྲགས་ལེ་ཚན་གྱི་བརྙན།

 

       བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ་2023ལོ་ནས་བཟུང་གོ་ལ་ཧྲིལ་པོའི་ཕ་ལམ་གྱི་སྡེབ་ཚོང་རིན་གོང་20%ཙམ་ཆག་པ་དང་། གཞོག་གཏུབ་བྱས་མེད་པའི་ཕ་ལམ་གྱི་རིན་གོང་35%ཆག་ཡོད་པ་རེད། གནས་ཚུལ་དེར་ཁ་གཏད་གཅོག་ཆེད། རྒྱལ་སྤྱིའི་ཕ་ལམ་གྱི་སྒེར་སྡོམ་པ་ཏའེ་པི་ཨེར་སི་ཚོགས་པས་སྤྱི་ཟླ་11པའི་ཚེས་3ཉིན་བར་གྱི་ཟླ་བ་གཅིག་རིང་སྟེ། བྲིན་ཚོང་དུས་འཁོར་9པའི་ནང་རང་བྱུང་ཕ་ལམ་གྱི་མཁོ་འདོན་མུ་མཐུད་ཉུང་དུ་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ད་ལོའི་ཟླ་9པར། ཏའེ་པི་ཨེར་སིའི་འགྲན་ཟླ་གཙོ་བོ་སྟེ། ཨུ་རུ་སུའི་གཞི་ཁྱོན་ཆེ་ཤོས་ཀྱི་ཕ་ལམ་སྔོག་འདོན་དང་ལས་སྣོན་ཁེ་ལས་ཨེར་ལུའོ་ས་ཀུང་སིས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བྱ་ཐབས་ཤིག་སྤྱད་དེ་ཟླ་བ་གཉིས་ཀྱི་དུས་ཚོད་ནང་ཕ་ལམ་ཚང་མ་ཚོང་མཚམས་བཞག་ནས་རིན་གོང་མི་ཆག་པ་བྱས་ཡོད།

 

 

       ཤེས་རྟོགས་བྱུང་བར་གཞིགས་ན། ཕ་ལམ་ལས་རིགས་ཀྱི་སྒེར་སྡོམ་པ་ཆེ་གྲས་དེ་དག་གིས་སྤྱད་པའི་བྱ་ཐབས་ལ་དུས་ཐུང་གི་ཕན་འབྲས་ཐོན་པ་དང་ཕ་ལམ་ཆུང་གྲས་ཁག་གཅིག་གི་རིན་གོང་དེ་འདས་ཟིན་པའི་གཟའ་འཁོར་གཅིག་ནང་10%ཙམ་འཕར་ཡོད་པ་རེད།

 

 

       ཏོག་གསར་རིམས་ནད་ཐོན་རིང་། གོ་ལ་ཧྲིལ་པོའི་ཕ་ལམ་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་ནས་འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་དྲ་ཐོག་ནས་རིན་པོ་ཆེའི་རྒྱན་ཆ་དང་རྒྱས་སྤྲོས་དངོས་རྫས་གཞན་དག་ཉོ་གི་ཡོད་མོད། འོན་ཀྱང་དཔལ་འབྱོར་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་རྗེས་གོ་ལ་ཧྲིལ་པོའི་ཕ་ལམ་གྱི་དགོས་མཁོ་ཐད་ཀར་ཆུང་དུ་ཕྱིན་ཡོད། དབྱེ་ཞིབ་བྱས་པར་གཞིགས་ན། རྡོ་རྗེ་ཕ་ལམ་གྱི་རིན་གོང་ཆག་པའི་རྒྱུ་རྐྱེན་གཞན་ཞིག་ནི་མིས་བཟོས་རྡོ་རྗེ་ཕ་ལམ་གྱིས་རང་བྱུང་རྡོ་རྗེ་ཕ་ལམ་གྱི་ཁྲོམ་རའི་ཚབ་བྱས་པས་རེད། གོ་ལ་ཧྲིལ་པོའི་རིན་པོ་ཆེའི་རྒྱན་ཆའི་ལས་རིགས་དབྱེ་ཞིབ་ལས་ཁུངས་ཀྱི་གྲངས་གཞིར་གཞིགས་ན། མི་བཟོས་ཕ་ལམ་གྱིས་ཁྲོམ་ར་བཟུང་ཚད་སྤྱི་ལོ་2021ལོ་ནས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ད་ལོའི་སྤྱི་ཟླ་7པ་བར་ཁྲོམ་རའི་བཟུང་ཚད་49.9%ཟིན་ནས་50%མཚམས་སུ་ཟིན་ཉེར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱ་མཚོ། 
ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

ཕུའུ་ཅིང་2024ལོའི་ཙུང་ཐུང་འདེམས་བསྐོ་ལ་ཞུགས་རྒྱུ་ཡིན་ནམ།

དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཕེ་སི་ཁོ་ཕུའུ་ཡིས་ཟླ་11པའི་ཟླ་སྟོད་དུ་ཕུའུ་ཅིང་གིས་2024ལོའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་རྒྱུ་ཡིན་མིན་སྐོར་ནས་གསལ་བསྒྲགས་གང་ཡང་སྤེལ་མེད།

中央广播电视总台 央广网 版权所有

ཕ་ལམ་གྱི་རིན་གོང་35%ཆག་པས་ལོ་རྒྱུས་ཐོག་བྱ་ཐབས་འདི་འདྲ་བཟུང་བ།

ཏོག་གསར་རིམས་ནད་ཐོན་རིང་། གོ་ལ་ཧྲིལ་པོའི་ཕ་ལམ་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་ནས་འཛད་སྤྱོད་པ་མི་ཉུང་བ་ཞིག་གིས་དྲ་ཐོག་ནས་རིན་པོ་ཆེའི་རྒྱན་ཆ་དང་རྒྱས་སྤྲོས་དངོས་རྫས་གཞན་དག་ཉོ་གི་ཡོད་མོད།