ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཞིབ་འཇུག་ལས་ཁྲག་རིཊ་དང་ནད་ཕོག་མིན་བར་འབྲེལ་བ་ཡོད་པ་ཤེས་འདུག

2023-11-09 15:40:00     责编:娜科

 

ཁྲག་རིགས་དང་ནད་རིགས་ཀྱི་བྱུང་བ་ལ་འབྲེལ་ཡོད་རང་བཞིན་ཡོད་དམ། ཡོད་དེ། ཞིབ་འཇུག་མང་པོས་གསར་རྟོགས་བྱུང་བ་ལྟར་ན། ཁྲག་རིགས་ནི་སྐྲན་ནད་དང་།སྙིང་ཀླད་ཁྲག་རྩའི་ནད།  གཅིན་པ་མངར་འགྱུར་གྱི་ནད། འཇུ་བྱེད་རང་བཞིན་གྱི་རལ་ཟགས་སོགས་ནད་རིགས་མང་པོའི་འབྱུང་བ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། 

 

 

ཁྲག་རིགསAཅན་ལ།  ཀླད་པ་ཁྲག་རྩའི་ནད་དང་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་བ། སྤྱི་ལོ་2022ལོར་《དབང་རྩའི་རིག་པ་》ཞེས་པའི་དུས་དེབ་སྟེང་དུ་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།མི་ཞིག་གི་ཁྲག་རིགས་ཀྱིས་ནི། ལོ་60གོང་ལ་གྲིབ་ནད་ཕོག་པའི་ཉེན་བརྡ་སྟོན་གྱི་ཡོད་ཤས་ཆེ་བ་དང་།ཁྲག་རིགསAཅན་ལ་གྲིབ་ནད་ཕོག་པའི་ཉེན་ཁ་ཆེ་བ་ཡིན། ཁྲག་རིགས་གཞན་པ་དང་བསྡུར་ན།ཁྲག་རིགས་Aཅན་གྱི་མི་ལ་གྲིབ་ནད་ཕོག་པའི་ཉེན་ཁ་ 16%ཡིས་མཐོ་བ་དང་།Oཅན་ལ་ནད་འབྱུང་བའི་ཉེན་ཁ་12%ཡིས་དམའ་བ་ཡིན། 

ཀྲུང་ཧྭ་སྙིང་ཁམས་ཁྲག་རྩའི་ནད་ཀྱི་དུས་དེབ་ཏུ་བཀོད་པའི་ཧྥུའུ་ཝེ་སྙིང་གི་ཁྲག་རྩའི་ནད་ཀྱི་སྨན་ཁང་དང་ཝུའུ་ཧན་སློབ་ཆེན་མི་དམངས་སྨན་ཁང་གིས་ཞིབ་འཇུག་ལས་གསར་རྟོགས་བྱུང་བར། ཁྲག་རིགས་Aདང་ཁྲག་རིགས་གཞན་བསྡུར་ན། ཁྲག་རིགས་Aཅན་ལ་སྤྱིའི་མཁྲིས་རྒྱུ་གཤེར་རྩི་དང་སྟུག་ཚད་དམའ་བའི་ཚིལ་སྤྲི་དཀར་མཁྲིས་རྒྱུ་གཤེར་རྩིའི་གར་ཚད་དང་། དེ་བས་མཐོ་བའི་སྙིང་ནད་བཅས་ཕོག་ཉེན་མཐོ་བོ་ཡོད་པ་རེད།

 

 

 

སྤྱི་ལོ་2017ལོར《སྤྱི་པའི་ཚན་རིག་དཔེ་དེབ་ཁང་-ཕྱོགས་བསྡུས་》ཀྱི་ནང་དུ་བཀོད་ཡོད་པའི་ཞིབ་འཇུག་ཅིག་ལས་མངོན་པར།སྤྱིའི་ཆ་ནས་ཁྲག་རིགསAཅན་གྱི་མི་ཚོགས་ལ་འབྲས་སྐྲན་ཕོག་པའི་སྲིད་ཕྱོད་Aརིགས་མིན་པའི་མི་ཚོགས་ལས་ཆེ་བ་ཡོད་པ་རེད། ཁྲག་རིགས་Aཅན་གྱི་མི་ཚོགས་ལ་འཇུ་ལམ་དང་ལྷག་པར་དུ་ཕོ་བའི་གནད་དོན་ཐོན་སླ་བ་དང་།འཇུ་ལམ་སྐྲན་ནད་ཀྱི་ཉེན་ཁ་དེ་བས་མཐོ་བ་ཡོད། ལྷག་པར་དུ་ཕོ་བའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་ཐོན་གྱི་ཡོད།ཁྲག་རིགས་Aཅན་གྱི་མི་ཚོགས་ལ་འཇུ་བྱེད་མ་ལག་གི་སྐྲན་ནད་ཕོག་སླ་བའི་ཁྱད་ཆོས་ལྡན།

ཁྲག་རིགསBཅན་ལ། གཅིན་སྙི་ཟགས་ཁུའི་ནད་ཀྱི་ཉེན་ཁ་ཆེ་བ། སྤྱི་ལོ་2015ལོའི《གཅིན་སྙི་ཟགས་ཁུའི་རིག་པའི》དུས་དེབ་ཐོག་བཀོད་པའི་ཧྥ་རན་སེའི་ཞིབ་འཇུག་ཅིག་གིས། ནད་པ་ཁྲི་8ལྷག་གི་ཡིག་ཚགས་ལ་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཁྲག་རིགས་Oཅན་གྱི་མི་དང་བསྡུར་ན། ཁྲག་རིགསBཅན་ལ་IIརིགས་ཅན་གྱི་གཅིན་སྙི་ཟགས་ཁུ་ཕོག་པའི་སྲིད་ཕྱོད་དམ་ཉེན་ཁ་21%མཐོ་བ་དང་། ཁྲག་རིགས་Aཅན་ལ་གཅིན་སྙི་ཟགས་ཁུ་ཕོག་པའི་སྲིད་ཕྱོད་དམ་ཉེན་ཁ་10%ཡིས་མཐོ་བ་ཡོད་པ་རེད།

 

 

ཁྲག་རིགས་Oཅན་ལ་ཆ་བཞག་ན།  འཇུ་བྱེད་རང་བཞིན་གྱི་རལ་ཟགས་ཀྱི་ནད་ཕོག་པའི་སྲིད་ཕྱོད་མཐོ་བ། དུང་སྲིན་(幽门螺杆菌)ནི་འཇུ་བྱེད་རང་བཞིན་གྱི་རལ་ཟགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཁྲག་རིགས་Oཅན་གྱི་མི་ཚོགས་ལ་དུང་སྲིན་འགོ་བའི་སྲིད་ཕྱོད་ནི་ཁྲག་རིགས་Oམིན་པའི་མི་ཚོགས་ལས་མངོན་གསལ་གྱིས་མཐོ་བ་ཡིན་ཏེ། དེ་ནི་Oརིགས་ཀྱི་ཁྲག་གི་མི་ཚོགས་ལ་འཇུ་བྱེད་རང་བཞིན་གྱི་རལ་ཟགས་འབྱུང་སླ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཀྲུང་ཧྭ་གསོ་རིག་ཞིབ་འཇུག་དུས་དེབ་ཀྱིས་སྤྱི་ལོ་2010ལོར་བཀྲམ་པའི་ཡིག་ཆ་ལས་མངོན་པ་ལྟར་ན། ཁྲག་རིགསOཅན་ལ་འཇུ་བྱེད་རང་བཞིན་གྱི་རལ་ཟགས་བྱུང་བའི་ཚད་ནི་ཁྲག་རིགས་གཞན་པའི་ལྡབ་1.5ནས་2བར་ཡིན། 

ཁྲག་རིགས་ABཅན་ལ། དྲན་ཤེས་ཉམས་པའི་ཉེན་ཁ་ཆེ་བ། སྤྱི་ལོ་2014ལོའི་རྒྱལ་སྤྱིའི་དུས་དེབ་《དབང་རྩའི་ནད་རིག་པ་》རུ་སྤེལ་བའི་ཞིབ་འཇུག་ཅིག་གི་ནང་དུ། ཁྲག་རིགས་གཞན་དག་དང་བསྡུར་ན།ABཅན་ལ་ཚེ་མཇུག་ཏུ་དྲན་ཤེས་ཉམས་པའི་གནད་དོན་ཐོན་སླ་པོ་ཡོད་པར་བརྗོད་ཡོད། ཞིབ་འཇུག་མང་པོ་ཞིག་གིས་ཁྲག་རིགས་ནི་ནད་རིགས་དང་འབྲེལ་བ་ཡོད་པ་ར་སྤྲོད་བྱས་ཡོད་མོད། ཡིན་ཡང་ཁྲག་རིགས་ཁོ་ནས་ཚེ་སྲོག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་གོ་བ་ལེན་མི་རུང་སྟེ། དེ་དག་ལ་ཐེ་ཚོམ་སྐྱེས་པ་ལས། གོམས་གཤིས་བཟང་པོ་ལོབས་སུ་བཅུག་ན། ཚེ་རིང་དུ་གཏོང་ཐུབ་ཤས་ཆེའོ།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

པར་འདི་རིན་གོང་སྒོར་ཁྲི་2300ལྷག་བྱས་ནས་བཙོང་རྒྱུ་རེད།

པར་འདིའི་རིང་ཚད་ལ་ལི་སྨི་92དང་ཞིང་ཚད་ལ་ལི་སྨི73་ཡོད་པ་དང་། སྤྱི་ལོ་1948ལོ་ནས་བཟུང་སྒེར་ལ་དབང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་སྤྱི་ལོ་1883ལོ་ན

中央广播电视总台 央广网 版权所有

ཞིབ་འཇུག་ལས་ཁྲག་རིཊ་དང་ནད་ཕོག་མིན་བར་འབྲེལ་བ་ཡོད་པ་ཤེས་འདུག

ཁྲག་རིགས་ABཅན་ལ། དྲན་ཤེས་ཉམས་པའི་ཉེན་ཁ་ཆེ་བ། སྤྱི་ལོ་2014ལོའི་རྒྱལ་སྤྱིའི་དུས་དེབ་《དབང་རྩའི་ནད་རིག་པ་》རུ་སྤེལ་བའི་ཞིབ་འཇུག་ཅིག་གི་ནང་དུ།