ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱ་གར་གྱི་མེ་ཤུགས་འཕུར་མདའི་སྙིགས་རོ་རྒྱལ་ཁབ་འདིར་ལྷུངས་འདུག

2023-08-03 16:36:00     责编:娜科

    ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་གཉིས་གོང་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ནུབ་མའི་མཚོ་འགྲམ་ནས་ཤེས་རྟོགས་བྱུང་བའི་ཁྱད་མཚར་པའི་དངོས་པོ་དེ། ཨོ་སི་ཁྲུ་ལི་ཡའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་རྒྱ་གར་གྱི་མེ་ཤུགས་འཕུར་མདའི་སྙིགས་རོ་ཡིན་པ་གཏན་འཁེལ་བྱས་པ་རེད། 

    མཁའ་དབྱིངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་7པར་ནུབ་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ཡི་མཚོ་འགྲམ་དུ་ཀ་ཟླུམ་དབྱིབས་ཀྱི་དངོས་པོ་ཆེན་པོ་ཞིག་རྙེད་པ་དང་། དེ་སྦ་བུམ་ཐུར་འཕྱང་གིས་བཀབ་ཡོད་པ་རེད། དེའི་འབྱུང་ཁུངས་ལ་གྲོས་བསྡུར་དང་ཚོད་དཔག་མང་པོ་བྱུང་ཞིང་། དེ་སྔ་“བར་སྣང་གི་གད་སྙིགས་”སུ་ངོས་འཛིན་བྱས་པ་རེད། 

   ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཟླ་7ཚེས་31ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག བརྟག་དཔྱད་བྱས་པ་བརྒྱུད། དངོས་པོ་དེ“གླིང་སྣེའི་སྲུང་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ(PSLV)རིམ་པ་གསུམ་པའི་ཟད་གྲོན་རྗེས་ཀྱི་སྙིགས་རོ”ཡིན་པའི་ངོས་འཛིན་བྱས་པ་རེད།

    ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྒྲིག་གཞི་དེས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འབྲིང་གྲས་དེ་རྒྱ་གར་གྱི་བར་སྣང་ཞིབ་འཇུག་རྩ་འཛུགས(ISRO)ཀྱིས་གཉེར་སྐྱོང་བྱས་པ་ཞིག་རེད། 

     ཨོ་སི་ཁྲུ་ལི་ཡའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས“སྙིགས་རོ་དེ་དག་མཛོད་དུ་བཅུག་ཡོད། ཨོ་སི་ཁྲུ་ལི་ཡས་རྒྱ་གར་གྱི་བར་སྣང་ཞིབ་འཇུག་རྩ་འཛུགས་དང་མཉམ་ལས་བྱེད་བཞིན་ཡོད། རྒྱ་གར་གྱི་བར་སྣང་ཞིབ་འཇུག་རྩ་འཛུགས་ཀྱིས་སྔར་བས་གཏན་འཁེལ་བྱས་ནས། གོམ་སྟབས་རྗེས་མའི་བྱ་སྤྱོད་གཏན་འཁེལ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། 

    དབྱིན་ཇིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ཕྱོགས་ཀྱིས་དངོས་རྫས་དེ་རྒྱ་གར་ནས་ཡོང་བའི་གླིང་སྣེའི་སྲུང་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནས་ཡིན་པ་དང་། གང་དེ་ཨོ་སི་ཁྲུ་ལི་ཡས་ཐག་གཅོད་བྱ་རྒྱུ་བདེན་དཔང་ར་སྤྲོད་བྱས་པ་རེད།

    ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་མིས་ཁོ་ཚོས་ས་གནས་དེ་ག་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྒྱུར་རྒྱུའི་སྤྲོ་བ་ཡོད་སྲིད་ཅེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

བཙོན་གྲོལ་བཏང་འདུག

ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨང་ཧྲན་སུའུ་ཅི་དང་འབར་མའི་ཙུང་ཐུང་ཟུར་པ་ཝུན་རྨིན་གཉིས་ཀ་དམིགས་བསལ་བཙོན་གྲོལ་བཏང་ལུགས་འཁོད།

中央广播电视总台 央广网 版权所有

རྒྱ་གར་གྱི་མེ་ཤུགས་འཕུར་མདའི་སྙིགས་རོ་རྒྱལ་ཁབ་འདིར་ལྷུངས་འདུག

ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་མིས་ཁོ་ཚོས་ས་གནས་དེ་ག་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྒྱུར་རྒྱུའི་སྤྲོ་བ་ཡོད་སྲིད་ཅེས་བཤད་པ་རེད།