ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

བཙོན་གྲོལ་བཏང་འདུག

2023-08-03 16:34:00     责编:娜科

    ཧྥ་རན་སེ་གསར་འགྱུར་ཁང་དང་ཕེང་པོ་གསར་འགྱུར་ཁང་སོགས་ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོ་ཞིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་1ཉིན་འབར་མའི་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་ནས། འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཟུར་པ་ཨང་ཧྲན་སུའུ་ཅི་དམིགས་བསལ་བཙོན་གྲོལ་བཏང་བ་ཡིན་ཟེར།

   ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨང་ཧྲན་སུའུ་ཅི་དང་འབར་མའི་ཙུང་ཐུང་ཟུར་པ་ཝུན་རྨིན་གཉིས་ཀ་དམིགས་བསལ་བཙོན་གྲོལ་བཏང་ལུགས་འཁོད། 

   དེའི་གོང་གི་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོའི་ཟླ་2པར་ཨང་ཧྲན་སུའུ་ཅི་དང་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་(དམངས་གཙོ་མནའ་འབྲེལ་)གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་དམག་ཕྱོགས་ཀྱིས་བཀག་ཉར་བྱས་པ་རེད། 

    དེ་རྗེས་ཨང་ཧྲན་སུའུ་ཅི་ལ་ཉེས་མིང་མང་པོའི་ཞུ་གཏུག་བྱེད་མཁན་བྱུང་། གྱོད་གཞི་དེ་ལྐོག་ཟ་དང་། རུལ་སུངས། གཞན་ལ་ངན་སྐུལ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། རང་བྱུང་གནོད་འཚེ་བདག་སྐྱོང་བྱེད་པའི་བཅའ་ཁྲིམས་ལས་འགལ་བ། ཕྱིར་གཏོང་ནང་འདྲེན་གྱི་བཅའ་ཁྲིམས་དང་འཕྲིན་གཏོང་བཅའ་ཁྲིམས་ལས་འགལ་བ་སོགས་དང་འབྲེལ་བ་ཡོད་པ་རེད། 

    2022ལོའི་ཟླ་12ཚེས་30ཉིན། འབར་མའི་ནེ་པི་ཏུའུ་བཙོན་ཁང་ནང་བཙུགས་པའི་དམིགས་བསལ་ཁྲིམས་ར་ཡིས་ཙུང་ཐུང་ཟུར་པ་ཝུན་རྨིན་དང་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཟུར་པ་ཨང་ཧྲན་སུའུ་ཅི་གཉིས་འབྲེལ་བ་ཡོད་པའི་ཁྲིམས་དང་འགལ་ཏེ་ཐད་འཕུར་གནམ་གྲུ་གཡར་བ་དང་ཉོས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས། ཝུན་རྨིན་དང་ཨང་ཧྲན་སུའུ་ཅི་སོ་སོར་ལོ་7བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད། འདིའི་ཁར་གོང་གི་ཁྲིམས་ཆད་ཁུར་ཡུན་བསྣན་ན་ལོ་33བར་མང་དུ་ཕྱིན་ཡོད་པ་རེད། 

འཛམ་གླིང་སྐར་ཁུངས།

ཐེ་རོན་ཕུ་ཡང་ཞུ་གཏུག་གསར་པ་ཞིག་དང་འཕྲད་འདུག

དེ་དང་ཆབས་ཅིག ཐེ་རོན་ཕུས་རྒྱབ་སྐྱོར་བྱེད་མཁན་ལ་ངན་སྐུལ་བྱས་ནས་2021ལོའི་ཟླ་1ཚེས་6ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་དུ་འཛུལ་ཏེ་2020ལོའི་ཙུང་ཐུང་འདེམས་བསྐོའི་འབྲས་བུ་རྩ་སློག་བྱ་རྩིས་བྱས་མིན་ལ་བརྟག་དཔྱད་བྱེད་ཀྱི་ཡོད།

中央广播电视总台 央广网 版权所有

བཙོན་གྲོལ་བཏང་འདུག

ཕེང་པོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨང་ཧྲན་སུའུ་ཅི་དང་འབར་མའི་ཙུང་ཐུང་ཟུར་པ་ཝུན་རྨིན་གཉིས་ཀ་དམིགས་བསལ་བཙོན་གྲོལ་བཏང་ལུགས་འཁོད།