ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐེ་རོན་ཕུ་ཡང་ཞུ་གཏུག་གསར་པ་ཞིག་དང་འཕྲད་འདུག

2023-08-02 16:40:00     责编:娜科

   ཨ་རིའི་སྨྱན་སྦྱོར་ཚན་པ་མང་པོས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་27ཉིན་ཨ་རིའི་ཁྲིམས་འཛིན་པུས་མངགས་གཏོང་བྱས་པའི་དམིགས་བསལ་ཞིབ་དཔྱོད་དཔོན་ཅེ་ཁེ· ཧྲི་སྨི་སི་ཡིས། ཙུང་ཐུང་ཟུར་པ་ཐེ་རོན་ཕུ་དང་འབྲེལ་བ་ཡོད་པའི“གསང་འབྲེལ་ཡིག་ཆ་ཐག་གཅོད་འོས་འཚམ་མ་བྱས་པའི”གྱོད་གཞིར་ཞུ་གཏུག་གསར་པ་བརྒྱབ་པ་རེད།

   ཚེས་27ཉིན་གྱི་ཁྲིམས་སྦྱོར་ཞུ་ཡིག་ནང་། ཞིབ་དཔྱོད་ཕྱོགས་ཀྱིས་ཐེ་རོན་ཕུས་ལག་རོགས་པར་ངན་སྐུལ་བྱས་ནས་ཧྥུ་ལུའོ་ལི་ཏ་མངའ་སྡེ་ཡི་ཤིང་ཏ་ལའི་གྲམ་ཐང་གི་མི་སྒེར་གྱི་སྡོད་གནས་མཚོ་མཚེའུ་གཞིས་ཀའི་ལྟ་སྐུལ་ཚོད་འཛིན་བརྙན་ཕབ་བསུབ་པར་སྐྱོན་འདོན་ཞུ་གཏུག་བྱས། གཞན་ཡང་། ཞིབ་དཔྱོད་ཕྱོགས་ཀྱིས་ད་དུང་ཐེ་རོན་ཕུས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་བསམ་གཟས་ནས་ཉར་ཚགས་བྱས་པའི་ཞུ་གཏུག་ཅིག་ཁ་སྣོན་བརྒྱབ་པ་རེད། དེ་གོང་ཐེ་རོན་ཕུ་ཡིས“གསང་འབྲེལ་ཡིག་ཆ་ཐག་གཅོད་འོས་འཚམ་མ་བྱས་པའི”གྱོད་གཞིར་ཞུ་འདོན་ཁག་37འཕྲད་ཡོད། 

   དེ་དང་ཆབས་ཅིག ཐེ་རོན་ཕུས་རྒྱབ་སྐྱོར་བྱེད་མཁན་ལ་ངན་སྐུལ་བྱས་ནས་2021ལོའི་ཟླ་1ཚེས་6ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་དུ་འཛུལ་ཏེ་2020ལོའི་ཙུང་ཐུང་འདེམས་བསྐོའི་འབྲས་བུ་རྩ་སློག་བྱ་རྩིས་བྱས་མིན་ལ་བརྟག་དཔྱད་བྱེད་ཀྱི་ཡོད། གཞན་ཡང་། ཐེ་རོན་ཕུ་ལ་ད་དུང་ཐེངས་དང་པོའི་ཙུང་ཐུང་འདེམས་བསྐོའི་སྐབས་སྐར་ཆེན་ཆེ་གེ་མོ་ཞིག་ལ“ཁ་འགོག་གྲོན་དངུལ”སྤྲད་པའི་དོགས་གཞི་ཡོད་པའི་དབང་གིས་ཉིའུ་ཡོག་མངའ་སྡེའི་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

འཛམ་གླིང་སྐར་ཁུངས།

▶ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་ཚ་གདུཊ་རབ་ཏུ་ཆེ་བའི་དུས་རབས་ཤིག་་་

ཁོང་གིས་རྒྱལ་ཁབ་ཁག་གིས་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་ནས་གནོད་འཚེ་མི་ཐོན་པ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།

中央广播电视总台 央广网 版权所有

ཐེ་རོན་ཕུ་ཡང་ཞུ་གཏུག་གསར་པ་ཞིག་དང་འཕྲད་འདུག

དེ་དང་ཆབས་ཅིག ཐེ་རོན་ཕུས་རྒྱབ་སྐྱོར་བྱེད་མཁན་ལ་ངན་སྐུལ་བྱས་ནས་2021ལོའི་ཟླ་1ཚེས་6ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་དུ་འཛུལ་ཏེ་2020ལོའི་ཙུང་ཐུང་འདེམས་བསྐོའི་འབྲས་བུ་རྩ་སློག་བྱ་རྩིས་བྱས་མིན་ལ་བརྟག་དཔྱད་བྱེད་ཀྱི་ཡོད།