▶ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་ཚ་གདུཊ་རབ་ཏུ་ཆེ་བའི་དུས་རབས་ཤིག་་་
ཀུ་ཐེ་ལེ་སིས་གོ་ལ་ཧྲིལ་པོར་ཚ་གདུགས་རབ་ཏུ་ཆེ་བའི་དུས་རབས་ཤིག་འགོ་ཚུགས་ཡོད་ཅེས་བརྗོད་པ།
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་7པའི་ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སིས་སྤྱི་ཟླ་བདུན་པར་གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་ཤོས་བཏོད་པའི་ཐད་གསལ་བསྒྲགས་སྤེལ་ཡོད། ཀུ་ཐེ་ལེ་སིས་མེ་གླིང་བྱང་མ་དང་། ཨེ་ཤ་ཡ། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཀྱི་ས་ཁུལ་ཁག་གཅིག་གི་ངོས་ནས་བརྗོད་ན་འདི་ནི་གདུག་རྩུབ་ཆེ་བའི་དབྱར་དུས་ཙམ་ཞིག་ལས་མིན་མོད། འོན་ཀྱང་སའི་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་འདི་ནི་གོད་ཆག་ཅིག་རེད། འདི་ནི་འགོ་ཚུགས་པ་ཙམ་ཡིན་པ་དང་གོ་ལ་ཧྲིལ་པོའི་དྲོ་འགྱུར་དུས་རབས་མཇུག་བསྒྲིལ་ནས་གོ་ལ་ཧྲིལ་པོ་ཚ་གདུགས་རབ་ཏུ་ཆེ་བའི་དུས་རབས་ཤིག་འགོ་ཚུགས་ཡོད་ཅེས་བརྗོད་ཡོད།
ཁོང་གིས་རྒྱལ་ཁབ་ཁག་གིས་ངེས་པར་དུ་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་ནས་གནོད་འཚེ་མི་ཐོན་པ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད། ཀུ་ཐེ་ལེ་སིས་རྒྱལ་ཁབ་ཁག་ལ་བཙོག་འབུད་ཉུང་གཏོང་གི་ཉིན་རེའི་གྲོས་རིམ་མགྱོགས་སུ་བཏང་ནས་འགྱུར་རྡོའི་འབར་རྫས་དེ་བསྐྱར་སྐྱེས་ནུས་རྒྱུའི་ཕྱོགས་སུ་མགྱོགས་མྱུར་བར་བརྒལ་བྱེད་དགོས་པའི་འབོད་སྐུལ་གནང་། གཞན་ཡང་ཀུ་ཐེ་ལེ་སིས་ཐལ་དྲགས་པའི་གནམ་གཤིས་དེ་རྒྱུན་ལྡན་གྱི་རྣམ་པ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པས་རྒྱལ་ཁབ་ཁག་གིས་ངེས་པར་དུ་དོ་སྣང་ཆེན་པོའི་སྒོ་ནས་ཐལ་དྲགས་པའི་གནམ་གཤིས་དང་གོམས་པར་བྱེད་དགོས་ཞེས་བཤད་ཡོད། མཇུག་ཏུ་ཁོང་གིས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གིས་ལོ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་གནམ་གཤིས་རྒྱབ་སྐྱོར་གྲོན་དངུལ་ཨ་སྒོར་དུང་ཕྱུར་1000མཁོ་འདོན་བྱ་རྒྱུའི་ཁས་ལེན་དེ་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་དབང་ཕྱུག
ཡིག་སྒྱུར། སྒྲོལ་མ་མཚོ།