ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཨ་བྲར་ལག་པ་འཆང་ན་སྲོག་ཉེན་ཡང་ཡོད་པས་གཟབ་རོགས།

2023-08-01 16:07:00     责编:娜科

    ཨ་བྲ་ནི་སྲོག་ཆགས་ཡིད་གར་འོང་བ་ཞིག་ཡིན་ན་ཡང་དེས་བྱི་རིམས་སྐྱེད་ཉེན་ཆེ་བས། མིའི་རིགས་ཀྱི་ཚེ་སྲོག་ལ་ཉེན་ཁ་བཟོ་ཉེན་ཡོད།

 

ཨ་བྲར་ལག་པ་འཆང་སྐབས་ཀྱི་འཛེམ་བྱ། 

     ད་ཆ་རྩྭ་ཐང་ཡུལ་སྐོར་དར་ཆེ་ཞིང་། ཡུལ་སྐོར་བ་ལ་ལས་ནང་སེམས་ཀྱི་མཚར་སྣང་དང་དྲ་གྲོགས་ཚོའི་བློ་ཁ་འགུག་ཆེད་དུ། ཨ་བྲ་དང་འཕྱི་བ་སོགས་དང་མཉམ་དུ་རྩེད་བའམ་མཉམ་པར་ལེན་པར་དགའ་པོ་བྱེད་ཀྱི་ཡོད། ཡིན་ནའང་རི་སྐྱེས་སྲོག་ཆགས་འདི་རིགས་ཀྱི་ལུས་སུ་ལྗི་བ་མང་བས། དེ་དག་དང་འབྲེལ་འདྲིས་ཟབ་མོ་བྱས་ཚེ་ལྗི་བས་རྨུག་ཉེན་ཆེ་བ་དང་། ལྗི་བས་རྨུགས་ཚེ་བྱི་རིམས་འགོས་ནས་རང་སྲོག་ཤོར་བའི་ཉེན་ཁའང་ཡོད།

རི་སྐྱེས་སྲོག་ཆགས་ཁྲོད་བྱི་རིམས་ཁྱེར་མཁན་མང་པོ་ཡོད།

     མིའི་རིགས་ཀྱིས་རིམས་ནད་འབྱུང་གནས་སུ་སྐྱོད་སྐབས་བྱི་རིམས་འགོས་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད་དེ།ཀན་སུའུ་དང་དེ་བཞིན་མདོ་ལ་རིང་མོ་ནས་ཨའར་ཅིན་ཧྲན་རི་བོའི་ས་ཁུལ་དུ་མི་ལ་བྱི་རིམས་འགོས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད།

     ཀན་ལྷོའི་ཡུལ་གྱི་ཧི་མ་ལ་ཡའི་འཕྱི་བ་དང་། ཞིང་བྱི། ཞིང་བྱི་རྔ་ཐུང་། ཨ་བྲ་རྣ་ཆེན་སོགས་སོ་མི་བརྗེ་བའི་སྲོག་ཆགས་ནི་བྱི་རིམས་འབྱུང་རྐྱེན་གཙོ་གྲས་ཡིན་པས། ཨ་བྲ་དང་འབྲེལ་འདྲིས་ཟབ་མོ་བྱས་ནས་བྱི་རིམས་འགོས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད།

རི་སྐྱེས་སྲོག་ཆགས་འདི་རིགས་དང་འབྲེལ་འདྲིས་ཟབ་མོ་བྱ་མི་རུང་།

     བར་ཐག་འཇོག་རྒྱུ་དེ་ནི་གཞན་ལ་བརྩི་འཇོག་བྱས་པ་ཞིག་ཡིན་ལ། སྲུང་སྐྱོབ་བྱས་པ་ཞིག་ཀྱང་ཡིན།

     རི་སྐྱེས་སྲོག་ཆགས་ཀྱིས་ཉེ་འཁོར་ཁོར་ཡུག་ལ་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པས་སྤྱིར་བཏང་དུ་རང་འགུལ་གྱིས་མིའི་རིགས་དང་ཐག་ཉེ་པོ་བྱེད་མི་སྲིད་ལ། མི་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སྲོག་ཆགས་དང་བར་ཐག་ངེས་ཅན་འཇོག་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན།མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་དང་བར་ཐག་ཉེ་པོ་བྱས་ནས་རྩེད་མོ་རྩེ་བ་དང་ཟ་མ་སྟེར་བ་སོགས་བྱས་ན་ཉེན་ཁ་འབྱུང་ཉེན་ཆེ་བ་དང་། ཟ་མ་སྟེར་རྒྱུ་འོས་འཚམ་མ་བྱུང་ཚེ་རི་སྐྱེས་སྲོག་ཆགས་ལའང་ན་ཚ་བཟོ་ཉེན་ཆེ་བས། བར་ཐག་ངེས་ཅན་བཞག་ཏེ་ཕྱོགས་གཉིས་ཀར་སྲུང་སྐྱོབ་བྱེད་ཐུབ་པ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། ཨ་བསྟན།

中央广播电视总台 央广网 版权所有

ཨ་བྲར་ལག་པ་འཆང་ན་སྲོག་ཉེན་ཡང་ཡོད་པས་གཟབ་རོགས།

རི་སྐྱེས་སྲོག་ཆགས་ཀྱིས་ཉེ་འཁོར་ཁོར་ཡུག་ལ་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པས་སྤྱིར་བཏང་དུ་རང་འགུལ་གྱིས་མིའི་རིགས་དང་ཐག་ཉེ་པོ་བྱེད་མི་སྲིད་ལ།