ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁྱིམ་བདག་དང་སློབ་མས་དྲ་རྒྱའི་མགོ་སྐོར་འདིར་དོགས་ཟོན་བྱ་དགོས།

2023-08-02 16:52:00     责编:娜科

 

ཉེ་ཆར། སློབ་གསོ་པུའུ་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་སི་དང་སྤྱི་བདེ་པུའུ་ཡི་ཉེས་དོན་མྱུལ་ཞིབ་ཅུའུ་ཡིས་མཉམ་འབྲེལ་ཐོག་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་གྲོན་དངུལ་ཕྱིར་སློག་གི་མིང་ཐོག་ནས། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་དོགས་ཟོན་བྱེད་དགོས་པའི་སྐོར་གྱི་ཉེན་ཟོན་དྲན་སྐུལ་བྱས་ནས། རྒྱ་ཆེའི་ཁྱིམ་བདག་དང་སློབ་མས“གསལ་པོ་ལྟ་བའི”ཐོག་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏང་ཆེད་ཤ་ཚའི་དྲན་སྐུལ་གནང་།

 

དབྱར་གནང་སྐབས་ཁྲིམས་འགལ་བ་ཁག་གཅིག་གིས་སྲིད་གཞུང་སྡེ་ཁག་གི་གཞུང་ཡིག་རྫུན་བཟོ་བྱས་པ་བརྒྱུད་ཁྱིམ་བདག་གིསQQཨང་གྲངས་ནང་འཇུག་བྱེད་པའམ་ཡང་ནQQཚོགས་པར་འགུག་ཐབས་ཀྱི་གཡོ་ཇུས་བཤམས་ཤིང་། སློབ་ཕྱིའི་གསོ་སྦྱོང་གྲོན་དངུལ་ཕྱིར་སློག་གི་མིང་ཐོག་ནས་གློག་འཕྲིན་དྲ་ལམ་དུ་མགོ་སྐོར་བཏང་ནས་ཤུགས་རྐྱེན་ངན་པ་དང་གནོད་འཚེ་ཚབས་ཆེན་བཟོས་ཡོད།

 

སློབ་གསོ་སྲིད་འཛིན་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཟོན་ཉེན་བརྡ་ཐེངས་མང་པོ་བཏང་ནས། རྒྱ་ཆེའི་ཁྱིམ་བདག་དང་སློབ་མས་དོགས་ཟོན་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཆེར་གཏང་དགོས་ཞེས་དྲན་སྐུལ་བྱས།

 

གསོ་སྦྱོང་གི་འགྲོ་གྲོན་སྤྲོད་སྐབས། ཟླ3བརྒལ་བ་དང་ཡང་ན་སློབ་ཁྲིད་ཀྱི་དུས་ཚོད60ལས་བརྒལ་བར་འགྲོ་གྲོན་སྤྲོད་མི་རུང་།

རིག་ཚན་རིགས་ཀྱི་གསོ་སྦྱོང་གྲོན་དངུལ་དེ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་གི་ཚད་བཀག་ཚད་གཞི་ལས་བརྒལ་མི་ཆོག་པ་དང་། རིག་ཚན་རིགས་མ་ཡིན་པའི་གསོ་སྦྱོང་གི་གྲོན་དངུལ་ཐེངས་གཅིག་ལ་སྒོར5000ཡི་ཚད་བཀག་ཚད་གཞི་ལས་བརྒལ་མི་ཆོག

 

དེ་དང་ཆབས་ཅིག་གྲོན་དངུལ་འཇལ་བའི་བདེ་འཇགས་ལ་དོ་སྣང་བྱས་ཏེ། གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་དེ“སློབ་ཕྱིའི་གསོ་སྦྱོང་ཁྱིམ་བདག་འཕྲིན་སྣེ”APP(ལག་འཁྱེར་ཁ་པར་བཀོལ་སྤྱོད་ཚོང་ཁང་ཁག་ནས་ཕབ་ལེན་བྱེད་ཆོག་པ)ཐོག་སློབ་ཚན་འདེམས་པ་དང་། སློབ་ཚན་ཉོ་བ། སློབ་ཚན་ལེན་པ། ཞུ་གཏུག་བཅས་བྱས་ནས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

 

རྒྱུན་ལྡན་གྱི་གྲོན་དངུལ་ཕྱིར་སློག་པའི་གོ་རིམ་དེ་སྤྱིར་བཏང་དུ་མི་སྒེར་གྱིས་ཇི་ལྟར་སྤྲད་ན་དེ་ལྟར་ཕྱིར་སློག་དགོས། གྲོན་དངུལ་ཕྱིར་སློག་དུས་ཚོང་ཟོག་ཉོ་པའམ་ཡང་ན་གྲོན་དངུལ་སྤྲད་དགོས་པའི་ཆ་རྐྱེན་ཟུར་སྣོན་བྱས་རིགས་ཚང་མ་ནི་མགོ་སྐོར་གྱི་ནང་དུ་ཚུད་པ་ཡིན། གལ་ཏེ་དོགས་གནད་ཡོད་ཚེ་དུས་ཐོག་ཏུ110དང་ཡང་ན་འབྲེལ་ཡོད་གསོ་སྦྱོང་སྒྲིག་གཞིའི་གཙོ་གཉེར་ལས་ཁུངས་ལ་ཁ་པར་བརྒྱབ་ནས་འདྲི་རྟོག་དང་རོགས་སྐྱོར་བྱེད་དགོས།

 

རྒྱ་ཆེའི་མི་དམངས་མང་ཚོགས་འབྲེལ་ཡོད་ཁུངས་སྣེ་ཐེར་འདོན་གྱི་ལས་སུ་ཞུགས་ནས་སློབ་ཕྱིའི་གསོ་སྦྱོང་གི་འཛད་སྤྱོད་ལ་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་མཉམ་དུ་བསྐྲུན་པར་དགའ་བསུ་ཞུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

འཛམ་གླིང་སྐར་ཁུངས།

ཐེ་རོན་ཕུ་ཡང་ཞུ་གཏུག་གསར་པ་ཞིག་དང་འཕྲད་འདུག

དེ་དང་ཆབས་ཅིག ཐེ་རོན་ཕུས་རྒྱབ་སྐྱོར་བྱེད་མཁན་ལ་ངན་སྐུལ་བྱས་ནས་2021ལོའི་ཟླ་1ཚེས་6ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་དུ་འཛུལ་ཏེ་2020ལོའི་ཙུང་ཐུང་འདེམས་བསྐོའི་འབྲས་བུ་རྩ་སློག་བྱ་རྩིས་བྱས་མིན་ལ་བརྟག་དཔྱད་བྱེད་ཀྱི་ཡོད།

中央广播电视总台 央广网 版权所有

ཁྱིམ་བདག་དང་སློབ་མས་དྲ་རྒྱའི་མགོ་སྐོར་འདིར་དོགས་ཟོན་བྱ་དགོས།

རྒྱ་ཆེའི་མི་དམངས་མང་ཚོགས་འབྲེལ་ཡོད་ཁུངས་སྣེ་ཐེར་འདོན་གྱི་ལས་སུ་ཞུགས་ནས་སློབ་ཕྱིའི་གསོ་སྦྱོང་གི་འཛད་སྤྱོད་ལ་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་མཉམ་དུ་བསྐྲུན་པར་དགའ་བསུ་ཞུ།