ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་ཁབ་འདིར་དམག་མཚམས་འཇོག་རེའི་སྣང་ཚུལ་ཐོན།

2023-07-25 15:33:00     责编:娜科

   ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་19ཉིན། སུའུ་ཏན་གྱི་ཕྱི་འབྲེལ་པུས་སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་མྱུར་སྐྱོབ་དཔུང་སྡེ་གཉིས་ཀྱིས་ད་ལྟ་སོ་ཏི་ཨ་རབ་ཀྱི་ཅི་ཏ་རུ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པས། ཕྱོགས་གཉིས་པོས་འབྱུང་འགྱུར་ཉིན་ཤས་ནང་ཡུན་རིང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་འཇོག་རེ་ཡོད་ཅེས་བཤད་པ་རེད།

   འོན་ཀྱང་སུའུ་ཏན་གྱི་ཕྱི་འབྲེལ་པུས་དུས་མཚུངས་སུ། མྱུར་སྐྱོབ་དཔུང་སྡེ་ད་ལྟ་བཟུང་བའི་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་དང་སྒེར་གྱི་སྡོད་ཁང་ནང་ནས་ཕྱིར་འཐེན་བྱེད་བཞིན་པ་མ་ཟད། བཀག་ཉར་བྱས་པའི་ཉེས་མེད་མི་སེར་དང་སུའུ་ཏན་གྱི་དྲག་ཆས་དཔུང་སྡེའི་གསོན་བཟུང་མི་སྣ་གློད་འགྲོལ་གཏོང་རྒྱུ་དེ་ནི་ཕྱོགས་གཉིས་པོའི་གྲོས་མོལ་ལམ་ལྷོངས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞེས་བརྗོད་པ་རེད།

   སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་མྱུར་སྐྱོབ་དཔུང་སྡེའི་བར་ཟླ་4ཚེས་15ཉིན་ཁར་ཐུམ་སོགས་སུ་གདོང་ཐུག་བྱུང་བ་མ་ཟད། ད་བར་རྒྱུན་མཐུད་བྱས་པ་རེད། སོ་ཏི་ཨ་རབ་དང་ཨ་རིའི་འདུམ་འགྲིག་འོག སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་པོས་ཟླ་5པའི་ཟླ་འགོར་སོ་ཏི་ཨ་རབ་ཀྱི་ཅི་ཏ་རུ་དམག་མཚམས་འཇོག་རྒྱུའི་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་དུས་ཐུང་ནང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་མང་པོ་འཇོག་མྱོང་ཡོད་མོད། འོན་ཀྱང་གཉིས་ཀས་བརྩི་སྲུང་གང་ཐུབ་བྱས་མེད། ཉིན་ཤས་གོང་། སུའུ་ཏན་དྲག་ཆས་དཔུང་སྡེ་དང་མྱུར་སྐྱོབ་དཔུང་སྡེ་ཡིས་སོ་ཏི་ཨ་རབ་ཀྱི་ཅི་ཏ་རུ་བསྐྱར་དུ་གྲོས་མོལ་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིས་ཁོར་ཡུག་བཟང་པོ་བཏོད་རེ་ཡོད།

རོལ་དབྱངས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ལོ་90རུ་སོན་རུང་སྔར་བཞིན་འཛམ་གླིང་གི་གནའ་བོའི་རོལ་དབྱངས་ཀྱི་གར་སྟེགས་ཐོག་བཀོད་འདོམས་བྱེད་བཞིན་པའི་བཀོད་འདོམས་པ་གྲགས་ཅན་ཧྥེ་ལཱ་ཅི་སྨིར་ཧྥེ་ཏོ་ཞའེ་ཡའེ་ཧྥུའུ་ཡིས་སྣེ་ཁྲིད་པའི

中央广播电视总台 央广网 版权所有

རྒྱལ་ཁབ་འདིར་དམག་མཚམས་འཇོག་རེའི་སྣང་ཚུལ་ཐོན།

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་མྱུར་སྐྱོབ་དཔུང་སྡེའི་བར་ཟླ་4ཚེས་15ཉིན་ཁར་ཐུམ་སོགས་སུ་གདོང་ཐུག་བྱུང་བ་མ་ཟད།