ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཁོར་ཡུག་བཟང་པོ་བཏོད་རེ་ཡོད།

2023-07-25 15:38:00     责编:娜科

   ཟླ་7ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། པེ་ཏེན་སྲིད་གཞུང་གིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་གློག་འདྲེན་ཕྱེད་གཟུགས་དང་། ཚད་རྡུལ་རྩིས་རྒྱག རིག་ནུས་བཅོས་མ་སོགས་ཚུད་པར་ཀྲུང་གོར་མ་དངུལ་འཇོག་བྱ་རྒྱུར་ཚོད་འཛིན་བྱ་རྒྱུ་ཡིན་མོད། འོན་ཀྱང་། སྐྱེ་དངོས་ལག་རྩལ་དང་ནུས་རྒྱུའི་ལས་རིགས་དང་འབྲེལ་བ་མེད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པས་དྲིས།

   དེའི་ཐད་མའོ་ཉིང་གིས། ཨ་རི་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་བར་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་རྒྱུན་གཏན་གྱི་ལག་རྩལ་མཉམ་ལས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཐད་བསམ་བཟས་ཀྱིས་འགོག་རྐྱེན་བཟོས་པར་ངོས་འཛིན་བྱེད་ཀྱི་ཡོད། བྱེད་སྟངས་དེ་རིགས་ནི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་དང་འགལ་བ་དང་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་ཀྱི་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་ཟིང་ཆ་སློང་བ་ཞིག་ཡིན་པས། ཕྱོགས་གང་གི་ཁེ་ཕན་དང་ཡང་མི་འཚམ་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ཙུང་ཐུང་པའེ་ཏེང་གིས་ཆེད་མངགས་ཀྲུང་གོ་དང་“འབྲེལ་ཐག་གཅོད་འདོད་མེད་པ་”དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་འདོད་མེད་པ། ཀྲུང་གོའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་ཀྱི་ཨ་རིའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་རེ་བྱེད་ཀྱི་ཡོད་ཅེས་བཤད།

   ཧྥེ་ཏོ་ཞའེ་ཡའེ་ཧྥུའུ་ཡི་རོལ་དབྱངས་ཀྱིས་མཛའ་མཐུན་དང་སྤེལ་རེས། འཕེལ་རྒྱས་བཅས་ཡོང་བར་བྱས།

   རོལ་དབྱངས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ལོ་90རུ་སོན་རུང་སྔར་བཞིན་འཛམ་གླིང་གི་གནའ་བོའི་རོལ་དབྱངས་ཀྱི་གར་སྟེགས་ཐོག་བཀོད་འདོམས་བྱེད་བཞིན་པའི་བཀོད་འདོམས་པ་གྲགས་ཅན་ཧྥེ་ལཱ་ཅི་སྨིར་ཧྥེ་ཏོ་ཞའེ་ཡའེ་ཧྥུའུ་ཡིས་སྣེ་ཁྲིད་པའི་ཁྲེའེ་ཁོའོ་ཧྥུའུ་སི་ཅིའི་མཉམ་སྒྲོག་རོལ་དབྱངས་ཚོགས་པས་2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་ཐོག་མཇུག་བསྒྲིལ་ལམ་དུ་ལྷོང་བར་གནང་།

འཛམ་གླིང་སྐར་ཁུངས།

ཨ་རིས་ཨུ་ཡུག་འགལ་བ་ཇེ་ཆེར་བཏང་ཡོད་ཟེར།

དེ་སྔོན་ཨ་རི་དང་ཁོ་ཚོའི་མནའ་མཐུན་རྒྱལ་ཁབ་དག་གིས་དབྱི་རན་གྱིས་ཨུ་རུ་སུར་མཚོན་ཆ་མཁོ་འདོན་བྱེད་པ་ཉེས་འཛུགས་བྱས་པ་ངོས་ལེན་བྱས་མེད།

中央广播电视总台 央广网 版权所有

ཨ་རིས་ཁོར་ཡུག་བཟང་པོ་བཏོད་རེ་ཡོད།

རོལ་དབྱངས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ལོ་90རུ་སོན་རུང་སྔར་བཞིན་འཛམ་གླིང་གི་གནའ་བོའི་རོལ་དབྱངས་ཀྱི་གར་སྟེགས་ཐོག་བཀོད་འདོམས་བྱེད་བཞིན་པའི་བཀོད་འདོམས་པ་གྲགས་ཅན་ཧྥེ་ལཱ་ཅི་སྨིར་ཧྥེ་ཏོ་ཞའེ་ཡའེ་ཧྥུའུ་ཡིས་སྣེ་ཁྲིད་པའི