ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

གཟོབ། སྐད་འཕྲིན་སོགས་ཀྱིས་ཛ་དྲག་དྲན་སྐུལ་བཏང་འདུག

2023-07-25 15:38:00     责编:娜科

    “སྐད་འཕྲིན་བདེ་འཇགས་ལྟེ་གནས་”དང་། “དངུལ་སྤྲོད་འབོ་”ཡིས་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ཐོག་ནས། ཚེས་19དང་ཚེས་20ཉིན་སྔ་རྗེས་སུ་གནས་ཚུལ་ཡོངས་བསྒྲགས་བྱས་དོན། མགོ་སྐོར་གཏོང་མཁན་གྱིས་“སྐད་འཕྲིན་ཞབས་ཞུ་ལྟེ་གནས་”དང་། “དངུལ་སྤྲོད་འབོ་ཡི་ཞབས་ཞུ་”ཡི་ཐོབ་ཐང་ལ་བརྫུས་ནས། ཀུ་ཤུ་ཁ་པར་གྱི་“FaceTime”ནུས་པ་སྤྱད་དེ། སྤྱོད་མཁན་ལ་བརྙན་ལམ་ཁ་པར་བརྒྱབ་ནས་ཁ་བསླུས་རྒྱག་གི་ཡོད་པ་རེད། 

   སྐད་འཕྲིན་བདེ་འཇགས་ལྟེ་གནས། 

    ཉེ་ཆར། སྤྱོད་མཁན་གྱི་ཚུར་ལན་འབྱོར་དོན། མགོ་སྐོར་གཏོང་མཁན་གྱིས་རང་ཉིད་“སྐད་འཕྲིན་ཞབས་ཞུ་ལྟེ་གནས་”དང་། “སྐད་འཕྲིན་གྱི་འཚམས་འདྲིའི་ལྟེ་གནས།” “སྐད་འཕྲིན་དངུལ་སྤྲོད་ལྟེ་གནས་”སོགས་གཞུང་ཕྱོགས་ཀྱི་འགྲུལ་པར་ཞབས་ཞུ་བྱེད་ཁུལ་ཐོག་ནས། “FaceTime”ཡི་ནུས་པ་སྤྱད་དེ་iOSམ་ལག་སྤྱོད་མཁན་ལ་བརྙན་ལམ་ཁ་པར་བཏང་བ་རེད།    

    སྐད་འཕྲིན་ཚོགས་པས། FaceTimeརྣམ་པའི་ཐོག་ནས་སྤྱོད་མཁན་ལ་འབྲེལ་གཏུག་བྱེད་མི་སྲིད་ཅེས་དང་། བྱེད་སྟངས་དེ་རིགས་ནི་འདྲ་བཟོ་བྱས་པ་ཞིག་ཡིན་པས་ཉན་མི་རུང་། རྒྱ་ཆེའི་སྤྱོད་མཁན་གྱིས་རྒྱུས་མེད་ཀྱི་FaceTimeཁ་པར་ཡོང་ན་དོགས་ཟོན་བྱེད་རོགས། མགོ་སྐོར་འོག་ཏུ་མི་ཚུད་པར་བྱེད་དགོས་ཞེས་གསལ་བསྒྲགས་བྱས་པ་རེད། 

   གོང་གི་གྱོད་དཔེ་ཚང་མ་གཞུང་ཕྱོགས་སྐད་འཕྲིན་འདྲ་བཟོ་བྱས་པ་ཡིན་པས་ཚང་མས་ལས་སླ་པོར་ཡིད་ཆེས་བྱེད་མི་རུང་བ་དང་མགོ་སྐོར་གཡོ་འཕྲུལ་གྱི་འོག་ཏུ་མི་ཚུད་པར་བྱེད་དགོས། ཕ་རོལ་པོས་སྒེར་གྱི་སྤྱི་ཚོགས་འབྲེལ་བའི་ཐོ་ཨང་ཁ་སྣོན་རེ་འདོན་པའམ་ཡང་ན་བརྙན་འཕྲིན་ཚོགས་འདུའི་མཉེན་ཆས་ཁག་མཉམ་སྤྱོད་ཀྱི་བརྙན་ལམ་གཞོགས་འདེགས་བཀོལ་སྤྱོད་བྱེད་རེ་བཏོན་ཚེ། བློ་ཐག་ཆོད་པོས་དང་ལེན་བྱེད་མི་རུང་། ཕྱོགས་ཅིག་ཤོས་ཀྱིས་དངུལ་ཁོངས་གཱ་བསྒྱུར་གཏོང་བའམ་བུ་ལོན་གཏོང་ལེན་བྱེད་རེ་བཏོན་ཚེ་ཚང་མར་ཁ་ཡ་བྱེད་མི་རུང་། 

   དངུལ་སྤྲོད་འབོ། 

   ཉེ་དུས། དངུལ་སྤྲོད་འབོ་སྤྱོད་མཁན་གྱི་ཚུར་ལན་འབྱོར་ནས་མགོ་སྐོར་གཏོང་མཁན་གྱིས་“དངུལ་སྤྲོད་འབོ་ཡི་ཞབས་ཞུ་”དང་། “དངུལ་སྤྲོད་འབོ་དངུལ་མང་ཞབས་ཞུའི་ལྟེ་གནས་”སོགས་ཀྱི་ཐོབ་ཐང་ལ་བརྫུས་ནས། ཀུ་ཤུའི་ལག་ཐོགས་ཁ་པར་གྱི་“FaceTime”ནུས་པ་སྤྱད་དེ་སྤྱོད་མཁན་ལ་བརྙན་ལམ་ཐོག་ནས་ཁ་པར་བརྒྱབ་ནས་ཁ་བསླུས་རྒྱག་གི་ཡོད་པ་རེད།  

   དངུལ་སྤྲོད་འབོ་ཡིས་དྲན་སྐུལ་བྱས་དོན། 

   དངུལ་སྤྲོད་འབོ་“FaceTime”དང་། སྒེར་གྱི་སྤྱི་ཚོགས་འབྲེལ་བའི་ཐོ་ཨང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྤྱོད་མཁན་ལ་འབྲེལ་གཏུག་བྱེད་མི་སྲིད། བྱ་ཐབས་དེ་དག་ལ་བརྟེན་ནས་འབྲེལ་གཏུག་བྱེད་པའི་“འགྲུལ་པར་ཞབས་ཞུ་”བྱེད་རིགས་ཚང་མ་མགོ་སྐོར་གཏོང་མཁན་རེད། 

   དངུལ་སྤྲོད་འབོ་ལ་གཞུང་ཕྱོགས་ཀྱི་འབྲེལ་གཏུག་ཐབས་ལམ་རིགས་གཉིས་ཡོད་དེ། གཅིག་ནི་གཞུང་ཕྱོགས་ཀྱི་འགྲུལ་པར་ཞབས་ཞུའི་ཁ་པར་95188དང་། གཉིས་ནི་དངུལ་སྤྲོད་འབོ་Appནང་གི་“ངའི་འགྲུལ་པར་ཞབས་ཞུ་”ཞེས་པ་རེད། 

འཛམ་གླིང་སྐར་ཁུངས།

ཨ་རིས་ཁོར་ཡུག་བཟང་པོ་བཏོད་རེ་ཡོད།

རོལ་དབྱངས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ལོ་90རུ་སོན་རུང་སྔར་བཞིན་འཛམ་གླིང་གི་གནའ་བོའི་རོལ་དབྱངས་ཀྱི་གར་སྟེགས་ཐོག་བཀོད་འདོམས་བྱེད་བཞིན་པའི་བཀོད་འདོམས་པ་གྲགས་ཅན་ཧྥེ་ལཱ་ཅི་སྨིར་ཧྥེ་ཏོ་ཞའེ་ཡའེ་ཧྥུའུ་ཡིས་སྣེ་ཁྲིད་པའི

中央广播电视总台 央广网 版权所有

གཟོབ། སྐད་འཕྲིན་སོགས་ཀྱིས་ཛ་དྲག་དྲན་སྐུལ་བཏང་འདུག

དངུལ་སྤྲོད་འབོ་ལ་གཞུང་ཕྱོགས་ཀྱི་འབྲེལ་གཏུག་ཐབས་ལམ་རིགས་གཉིས་ཡོད་དེ། གཅིག་ནི་གཞུང་ཕྱོགས་ཀྱི་འགྲུལ་པར་ཞབས་ཞུའི་ཁ་པར་95188དང་། གཉིས་ནི་དངུལ་སྤྲོད་འབོ་Appནང་གི་“ངའི་འགྲུལ་པར་ཞབས་ཞུ་”ཞེས་པ་རེད།