ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚེ་རིང་ནད་མེད་ཡོངས་ཐབས་ཀྱི་གོམས་གཤིས་5བཏོན་འདུག

2023-07-19 16:21:00     责编:娜科

       ཉེ་ཆར་རྒྱལ་སྤྱིའི་དུས་དེབ་གྲགས་ཅན་《ལིའུ་ཡེ་ཏའོ།·སྤྱི་པའི་བདེ་ཐང་》ཞེས་པའི་ཐོག་ཀྲུང་གོའི་ཚོགས་པའི་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་ཞིག་སྤེལ་ཡོད་ཅིང་། གྲུབ་འབྲས་དེའི་ནང་མི་ཚོར་ཕྱོགས་བསྡུས་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་ནས་ཚེ་ཚད་རིང་དུ་གཏོང་ཐབས་བསྟན་ཡོད། དེ་ནི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཞིབ་འཇུག་ཅིག་ཡིན། དེའི་གོང་གི་ཕྱོགས་བསྡུས་འཚོ་བ་སྐྱེལ་སྟངས་(མི་སྒེར་གྱི་འཚོ་བ་སྐྱེལ་སྟངས་མ་ཡིན་པ་)དང་སྔོན་དཔག་ཚེ་ཚད་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་དག་ནི་གཙོ་བོ་ཨ་མེ་རི་ཁ་གླིང་བྱང་མ་དང་ཡོ་རོབ་ཀྱི་མི་ཚོགས་གཞིར་བྱས་པ་འབའ་ཞིག་ཡིན་པས་ལས་ཀྲུང་གོ་བར་ཁ་གཏད་པའི་ཞིབ་འཇུག་གྲུབ་འབྲས་ཐོན་མྱོང་མེད། ད་རེས་པེ་ཅིན་སློབ་ཆེན་ལི་ལི་མིང་གི་ཚོགས་པ་དང་ལུའི་ཅུན་གྱི་ཚོགས་པ། ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྲའོ་ལི་ཡུན་གྱི་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་ཚོད་སྐོར་བྱས་ཐོག་ང་ཚོར་ཁ་ཕྱོགས་གསལ་བསྟན་བྱས་པ་རེད།

ཞིབ་འཇུག་གི་ཐབས་ལམ་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན་མོད་དེར་རྒྱུས་ལོན་བྱེད་པའི་དགོས་པ་མེད། ཚང་མས་གཤམ་གསལ་གྱི་ཐབས་ཤེས་འདི་དག་ཤེས་པས་འགྲིག་གི་ཡོད།

 

 

ཚེ་ཚད་རིང་དུ་གཏོང་བར་ཕན་པའི་འཚོ་བ་སྐྱེལ་སྟངས་རིགས་5ཡོད་དེ།

     དུས་རྒྱུན་ཉེན་ཁ་ཆུང་བའི་འཚོ་བ་སྐྱེལ་སྟངས་0ནས་1བར་རྒྱུན་འཁྱོངས་བྱེད་མཁན་དང་བསྡུར་ན། འཚོ་བ་སྐྱེལ་སྟངས་རིགས་ལྔ་པོ་འདི་ལག་བསྟར་བྱེད་ཐུབ་ཚེ། ལོ་30སྐབས་ཀྱི་སྐྱེས་པའི་སྔོན་དཔག་ཚེ་ཚད་ལོ་8.8དང་བུད་མེད་ཀྱི་སྔོན་དཔག་ཚེ་ཚད་ལོ་8.1གིས་ཇེ་རིང་དུ་འགྲོ་ཡི་ཡོད།

     ཚེ་ཚད་ཇེ་རིང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ། སྙིང་གི་ཁྲག་རྩའི་ནད་དང་སྐྲན་ནད། དེ་མིན་དལ་གཤིས་དབུགས་ལམ་ནད་ཀྱི་དབང་གིས་ཤི་ཚད་ཇེ་དམའ་རུ་གཏོང་ཐུབ་པ་དེ་ཡིན།

 

     ཚེ་ཚད་ཇེ་རིང་དུ་འགྲོ་བར་ཕན་པའི་ཉེན་ཁ་ཆུང་བའི་འཚོ་བ་རོལ་སྟངས་ལྔ་པོ་ནི།

      ཐ་མ་ཁ། ཐ་མག་མི་འཐེན་པའམ་ཡང་ན་ནད་གཞི་གཞན་པའི་རྐྱེན་ལས་ཐ་མག་སྤོང་བ།

      ཆང་བཅུད། ཆང་རག་མི་འཐུང་བའམ་ཉིན་རེའི་ཆང་རག་འཐུང་ཚད་ཚད་ལས་མི་བརྒལ་བ་སྟེ། ཉིན་རེའི་ཆང་བཅུད་རྐྱང་བ་འཐུང་ཚད། སྐྱེས་པ་ཉིན་རེར་ཁེ་30ལས་མི་བརྒལ་བ་དང་། བུད་མེད་ཉིན་རེར་ཁེ་15ལས་མི་བརྒལ་བ།

     ལུས་རྩལ་སྦྱོང་བརྡར། ལུས་སྦྱོང་ཆུ་ཚད་ན་ཚོད་མཉམ་པ་(<ལོ་50 ལོ་50ནས་ལོ་59  ≥ལོ་60)དང་ལུས་བསྟེན་འདྲ་བའི་ཁྲོད་ཕྱེད་ཀའི་ཡན་དུ་ཡོད་པ།

      བཟའ་བཏུང་། “ཉིན་རེར་སྔོ་ཚལ་སོས་པ་ཟ་བ་དང་། ཉིན་རེར་ཤིང་ཏོག་སོས་པ་ཟ་བ། གཟའ་འཁོར་རེར་ཉིན་1-6ལ་ཤ་དམར་ཟ་བ། གཟའ་འཁོར་རེའི་ཉིན་4ཡན་ལ་སྲན་མའི་རིགས་ཟ་བ། གཟའ་འཁོར་རེར་ ཉིན་1དང་དེ་ལས་མང་བར་ཉའི་རིགས་ཟ་བ་”བཅས་བྱེད་དགོས། འདི་5ལས་གཅིག་ལག་བསྟར་ཐུབ་ན་སྐར་1རེ་ཐོབ་པ་དང་ལག་བསྟར་མ་ཐུབ་ན་སྐར་0ཡིན་། སྤྱིའི་སྐར་གྲངས་4ནས་5བར་རྒྱུན་འཁྱོངས་ཐུབ་ན་ཉེན་ཁ་ཆུང་བར་གཏོགས།

      ལུས་པོའི་ལྗིད་ཚད། ལུས་པོའི་ལྗིད་ཚད་ཀྱི་བསྡུར་གྲངས་(BMI)ནི་སྨིན་2བར་ལ་སྤྱི་རྒྱ་18.5~27.9དང་། སྐྱེས་པའི་སྐེད་པའི་འཁོར་རྒྱ་ལི་སྨི་90ལས་ཆུང་བ་དང་། བུད་མེད་ཀྱི་སྐེད་པའི་འཁོར་རྒྱ་ལི་སྨི་85ལས་ཆུང་དགོས། BMIཁྱབ་ཁོངས་ཀྱི་གཏན་འཁེལ་ཚད་གཞི་ནི་ལུས་པོའི་ལྗིད་ཚད་ལྕི་དྲག་པའམ་ཡང་དྲག་པ་དང་། དེ་བཞིན་ལྟེ་ཕྱོགས་རང་བཞིན་གྱི་ཚོ་ཆེ་བའི་གནས་ཚུལ་གཞི་བྱས་པ་ཡིན།

     བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ནི་དུས་དང་རྣམ་པ་ཀུན་ཏུ་དང་དོད་ཡོད་དགོས་པ་ཞིག་ཡིན། རྒས་དུས་ནད་གཞིའི་སྡུག་བསྔལ་མྱོང་མི་འདོད་ན་དུས་ད་ལྟ་ནས་བཟུང་བཟའ་བཏུང་དང་འཚོ་བ་རོལ་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། ཨ་བསྟན། 

འཛམ་གླིང་སྐར་ཁུངས།

ཁེ་ལི་སྨི་ཡའི་ཟམ་ཆེན་ནས་འབར་གས་བྱུང་བའི་སྒྲ་ཐོན་པ།

གཞན་ཡང་། ཨུ་རུ་སུའི་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ལི་སྨི་ཡ་ས་ཁུལ་གྱི་སྲིད་འཛིན་དཔོན་ཤེ་ཀེ་·ཨ་ཁེ་ཤའོ་ནུའོ་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་

中央广播电视总台 央广网 版权所有

ཚེ་རིང་ནད་མེད་ཡོངས་ཐབས་ཀྱི་གོམས་གཤིས་5བཏོན་འདུག

བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ནི་དུས་དང་རྣམ་པ་ཀུན་ཏུ་དང་དོད་ཡོད་དགོས་པ་ཞིག་ཡིན། རྒས་དུས་ནད་གཞིའི་སྡུག་བསྔལ་མྱོང་མི་འདོད་ན་དུས་ད་ལྟ་ནས་བཟུང་བཟའ་བཏུང་དང་འཚོ་བ་རོལ་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས།