ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཨུ་ཡུག་འགལ་བ་ཇེ་ཆེར་བཏང་ཡོད་ཟེར།

2023-07-20 16:38:00     责编:娜科

    ཉེ་ཆར་ཨ་རིས་ཡུག་རེན་ལ་སྡོམ་འདུས་རྫས་མདེལ་མཁོ་འདོན་བྱས་པ་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་གླེང་ཕྱོགས་ཀྱིས་རྒྱ་ཁྱབ་ངང་སྐྱོན་བརྗོད་བྱས། 

   ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་17ཉིན་དབྱི་རན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཁ་ན་ཉི་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་བསྟན་དོན། ཨ་རིས་ཡུག་རེན་ལ་སྡོམ་འདུས་རྫས་མདེལ་མཁོ་འདོན་བྱས་པ་དེས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་སྔར་བས་ཆེ་རུ་གཏོང་རྒྱུ་རེད། ཁ་ན་ཉི་ཡིས་དབྱི་རན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཐོག་ནས་ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་ཐུག་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས་པ་དང་། དེ་སྔོན་ཨ་རི་དང་ཁོ་ཚོའི་མནའ་མཐུན་རྒྱལ་ཁབ་དག་གིས་དབྱི་རན་གྱིས་ཨུ་རུ་སུར་མཚོན་ཆ་མཁོ་འདོན་བྱེད་པ་ཉེས་འཛུགས་བྱས་པ་ངོས་ལེན་བྱས་མེད། 

中央广播电视总台 央广网 版权所有

ཨ་རིས་ཨུ་ཡུག་འགལ་བ་ཇེ་ཆེར་བཏང་ཡོད་ཟེར།

དེ་སྔོན་ཨ་རི་དང་ཁོ་ཚོའི་མནའ་མཐུན་རྒྱལ་ཁབ་དག་གིས་དབྱི་རན་གྱིས་ཨུ་རུ་སུར་མཚོན་ཆ་མཁོ་འདོན་བྱེད་པ་ཉེས་འཛུགས་བྱས་པ་ངོས་ལེན་བྱས་མེད།