ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐའེ་ཝན་གྱི་མི་འདི་ཨ་རིར་བསྐྱོད་རྒྱུ་ལ་ངོ་རྒོལ་བྱ་རྒྱུ།

2023-07-20 17:04:00     责编:娜科

    རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་ཟླ་7ཚེས་19ཉིན་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་ཀྱི་ནང་དོན་གཤམ་གསལ། 

    དྲི་བ། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཟླ་8པར་ལའེ་ཆིང་ཏེ་ཨ་རིའི“མངའ་ཁོངས་སྒྲོལ་རྒྱུ” ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 

    དྲིས་ལན། ང་ཚོས་ལའེ་ཆིང་ཏེ་ཡིས“མངའ་ཁོངས་སྒྲོལ་རྒྱུ”ལ་བརྟེན་ཕྱོགས་ཉུལ་འཚམས་འདྲི་བྱེད་པའི་མིང་ཐོག་ནས“ཨ་རིར་བརྟེན་ནས་རང་བཙན་གཉེར་ཐབས”བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས“ཐའེ་ཝན་རང་བཙན་”དང་དེའི་ཁ་ཕྲལ་བྱ་སྤྱོད་རྒྱ་ཡན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

    “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ཚང་མར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པས“ ‘ཐའེ་ཝན་རང་བཙན’ དངོས་གཉེར་ལས་སྒྲུབ་པ”ཞེས་པ་ནི་ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ“རྙོག་དྲ་བཟོ་མཁན”ཡིན་པ་གསལ་པོར་ཤེས་ཀྱི་ཡོད། 

འཛམ་གླིང་སྐར་ཁུངས།

ཁྲིམས་གཞི་འདི་མེད་པར་བཟོ་དགོས་པའི་སྐུལ་མ་བཏང་།

སྐྱབས་བཅོལ་བ་བཅས་པ་ཚང་མའི་ཁེ་དབང་ལ་མཐོང་ཆུང་མེད་པའི་སྒོ་ནས་བརྩི་འཇོག་དང་། སྲུང་སྐྱོབ། མངོན་འགྱུར་བཅས་བྱ་རྒྱུའི་ཁག་ཐེག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།

中央广播电视总台 央广网 版权所有

ཐའེ་ཝན་གྱི་མི་འདི་ཨ་རིར་བསྐྱོད་རྒྱུ་ལ་ངོ་རྒོལ་བྱ་རྒྱུ།

“ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ཚང་མར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།