ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ལོ་134གོང་གི་རི་མོ་ཞིག་ལ་སྒོར་དུང་ཕྱུར་1རགས་པ།

2021-03-28 14:46:00     责编:nake

  སྤྱི་ཟླ་3ཚེས་25ཉིན་ཧོ་ལན་འཆར་སྣང་ལུགས་ཀྱི་རི་མོ་མཁན་ཅན་ཧྥན་ཀའོ་ཡི་མཐོང་དཀོན་པའི་པར་རིས་བརྩམས་ཆོས་སྟེ་མོང་མ་ཐེར་སྲང་ལམ་གྱི་མཛེས་ལྗོངས་ཞེས་པ་ཧྥ་རན་སིའི་ཕ་རི་སི་སུའུ་ཕུའུ་པི(法国巴黎苏富比)་ཧབ་ཚོང་ཁང་དུ་ཧབ་ཚོང་བྱེད་སྐབས་ཡོ་སྒོར་ཁྲི་1309.1དང་མི་དམངས་ཤོག་སྒོར་དུང་ཕྱུར་1ཙམ་གྱིས་བཙོངས་པ་རེད།

  

  ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རི་མོ་དེ་ལེགས་གྲུབ་བྱུང་རྗེས་ཡོངས་བསྒྲགས་འགྲེམས་སྟོན་བྱེད་མྱོང་མེད་ལ། ཁྱིམ་རྒྱུད་ཞིག་གིས་ལོ་ངོ་100ལྷག་རིང་ཉར་ཚགས་བྱས་པ་དང་དེ་ནི་རི་མོ་མཁན་ཧྥན་ཀའོ་ཡི་པར་རིས་བརྩམས་ཆོས་མི་སྒེར་གྱིས་ཉར་ཚགས་མང་པོ་བྱས་མེད་པའི་ཁྲོད་ཀྱི་གཅིག་རེད།

  མོང་མ་ཐེར་སྲང་ལམ་གྱི་མཛེས་ལྗོངས་ཞེས་པ་ནི་སྤྱི་ལོ་1887ལོར་གསར་རྩོམ་མཛད་ཅིང་། བཟའ་ཟླ་གཉིས་ཤིང་རའི་མདུན་ནས་འཆམ་འཆམ་བྱེད་ཅིང་བྱིས་པ་ཤིང་རའི་གོང་ན་རྩེད་མོར་གཡེང་བཞིན་པའི་རྣམ་པ་ཞིག་ཡིན་ལ། ད་དུང་སྐབས་དེའི་ཕ་རི་སིའི་མོང་མ་ཐེར་ས་ཁུལ་དུ་མཐོང་རྒྱུ་ཅུང་མང་བའི་རླུང་འཁོར་ཡང་རི་མོའི་ནང་མངོན་པར་མཚོན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག བཀྲ་ཤིས་བཟང་པོ།

  ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ལོ་134གོང་གི་རི་མོ་ཞིག་ལ་སྒོར་དུང་ཕྱུར་1རགས་པ།

སྤྱི་ཟླ་3ཚེས་25ཉིན་ཧོ་ལན་འཆར་སྣང་ལུགས་ཀྱི་རི་མོ་མཁཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་