ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དུས་ཚོད་སྐར་མ་1ནང་རོགས་མི་40ལྷག་འཛོམས་པར་བསྟོད།

2023-09-18 10:24:00     责编:桑吉卓玛

དུས་ཚོད་སྐར་མ་1ནང་རོགས་མི་40ལྷག་འཛོམས་པར་བསྟོད།

 

 

       ཀྲེ་ཅང་ཅ་ཡན་ཞན་ཀྲང་ཏ་ཞན་ལམ་མདོ་རུ་རླངས་འཁོར་སྔོན་པོ་ཞིག་གིས་སྟབས་མ་ལེགས་པར་མདུན་ཕྱོགས་ན་ལམ་འགྲོ་བར་སྒུག་ནས་ཡོད་པའི་རླངས་འཁོར་ཞིག་ལ་རྡུང་པ་དང་། རླངས་འཁོར་ཚོད་འཛིན་མ་ཐུབ་པར་གཞུང་ལམ་དཀྱིལ་དུ་མགོ་གཏིང་ལོག དེ་ནས་དོན་རྐྱེན་བྱུང་བའི་རླངས་འཁོར་ཁ་ལོ་བས་ཕྱོགས་གཅིག་ནས་སྲོག་སྐྱོབ་པའི་འབོད་སྐད་བརྒྱབ་པ་དང་ཕྱོགས་གཅིག་ནས་རླངས་འཁོར་གྱི་སྒོ་འབྱེད་རྩིས་བྱས་མོད། འོན་ཀྱང་རླངས་འཁོར་གཏོར་སྐྱོན་ཚབས་ཆེན་ཐེབས་ཤིང་དབྱིབས་འགྱུར་ཡོད་པས་རླངས་འཁོར་སྒོ་འབྱེད་ཐབས་མེད་ལ། ཁ་ལོ་བའི་རྐང་པ་བཙིར་ནས་འགུལ་མི་ཐུབ་པར་གྱུར་ཡོད། སྐབས་དེར་རྒྱབ་ཕྱོགས་ཀྱི་རླངས་འཁོར་ནང་ནས་མི་གཉིས་རྒྱུག་ཡོང་དེ་མགོ་གཏིང་ལོག་པའི་རླངས་འཁོར་གྱི་གམ་ལ་ཐོན་པ་དང་། མདུན་ཕྱོགས་རླངས་འཁོར་གྱི་ཁ་ལོ་བ་དང་མཉམ་དུ་རོགས་སྐྱོབ་ཀྱི་ལས་ལ་ཞུགས། ལྭ་བ་དཀར་པོ་གྱོན་པའི་ཨ་ཅག་ཀྲུའུ་ཡིས་ཁ་ལོ་བའི་རྐང་པ་བཙིར་ཡོད་པ་མཐོང་བ་དང་། གང་མགྱོགས་གིས་ཚི་ལན་སྔོན་པོ་གྱོན་པའི་སྐུ་ཞབས་དབྱང་དང་མཉམ་དུ་རླངས་འཁོར་ཡར་ལ་འགྱོག་རྩིས་བྱས། ཐབས་མེད་པའི་སྐབས་སུ་ཁོང་གཉིས་ཀྱིས་ལག་པ་དགོང་ལ་གཡུག་ནས་མི་གཞན་པར་འབོད་བརྡ་བཏང་།
 

 

       འབོད་བརྡ་གོ་བ་ན་ཉེ་འཁོར་གྱི་ལམ་འགྲོ་བ་མགྱོགས་པོར་ཡོང་བ་དང་། རྒྱབ་ཕྱོགས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཏུ་ཆིན་ཧྲན་ཉིང་གློག་ས་ཚིགས་སུ་བྱ་བ་སྒྲུབ་པར་འགྲོ་བཞིན་པའི་བཟོ་པ་ཚོས་འབོད་བརྡ་གོ་བ་དང་ཚང་མ་རླངས་འཁོར་ལས་བབས་ཏེ་རོགས་སྐྱོབ་ཀྱི་ལས་ལ་ཞུགས་པ་དང་། ཁ་ལོ་བ་ཞིག་གིས་མི་སྐྱོབ་པའི་ཆེད་དུ་མགྱོགས་པོར་རྒྱུགས་ནས་རྐང་པའི་ལྷམ་བོར་རུང་ཐེ་ཚོམ་མེད་པར་རྒྱུགས་ཡོང་།
 


 

 

 

       ཡུལ་དངོས་སུ་མགྱོགས་པོར་མི་བཞི་བཅུ་ལྷག་གིས་གྲུབ་པའི་རོགས་སྐྱོབ་རུ་ཁག་ཅིག་གྲུབ་པ་དང་། རླངས་འཁོར་འགྱོགས་མཁན་དཔའ་བོ་ཚོས་མཉམ་དུ་ཤུགས་བཏོན་ནས་སྐར་མ་གཉིས་མ་འགོར་བར་རླངས་འཁོར་ཡར་བཀྱགས་ནས་ཁ་ལོ་བ་བསྐྱབ་པ་རེད། དེ་ནས་ཁ་ལོ་བ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དགའ་འོས་པ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་ནས་མི་ལ་སྐྱོན་ཆེན་པོ་མ་བྱུང་། དྲ་གྲོགས་ཚོས་སེམས་པ་བཟང་པོ་ནི་ལྷན་སྐྱེས་ཀྱི་སྦྱོར་བ་ཞིག་ཡིན་པས། སྐད་ཅིག་ཉིད་ལ། མི་ཚོགས་མང་པོ་སེམས་པ་གཅིག་ཏུ་མཐུན། བརྩེ་བའི་ཕྱག་ཟུང་སྲིང་མཁན་ཁྱེད་རྣམས་ལ་བཀའ་དྲིན་ཆེ་ཞུ་ཞེས་བརྗོད་འདུག
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུརབ་། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

དུས་ཚོད་སྐར་མ་1ནང་རོགས་མི་40ལྷག་འཛོམས་པར་བསྟོད།

ཀྲེ་ཅང་ཅ་ཡན་ཞན་ཀྲང་ཏ་ཞན་ལམ་མདོ་རུ་རླངས་འཁོར་སྔོན་པོ་ཞིག་གིས་སྟབས་མ་ལེགས་པར་མདུན་ཕྱོགས་ན་ལམ་འགྲོ་བར་སྒུག་ནས