ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཀྲུང་གོའི་གློག་སྒུལ་རླངས་འཁོར་ལྗར་པན་གྱི་ཁྲོམ་རར་ཐོན་འདུག

2023-07-14 15:29:00     责编:娜科

     ད་ལོའི་སྤྱི་ཟླ་དང་པོའི་ཟླ་མཇུག་ཏུ། ཀྲུང་གོའི་རླངས་འཁོར་ཁེ་ལས་པི་ཡ་ཏིས་ལྗར་པན་གྱི་ཁྲོམ་རར་གློག་སྒུལ་རྐྱང་པའིSUVATTO3འཚོང་འགོ་ཚུགས་ནས་ལྗར་པན་གྱི་རླངས་འཁོར་ཁྲོམ་རར་ཕྱོགས་ཡོངས་ནས་ཞུགས་རྒྱུའི་གོམ་པ་དང་པོ་སྤོས། ལྗར་པན་སྨྱན་སྦྱོར་གྱིས་པི་ཡ་ཏི་ཡིས་རྡབ་རྡེག་རང་བཞིན་གྱི་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་འཁྱེར་ཡོད་པས་ལྗར་པན་ལས་རིགས་ཀྱིས་ནན་ཏན་ངང་དཔྱད་གཞིར་འཛིན་པ་དང་གནས་བབ་འདིར་ཁ་གཏད་གཅོག་རིན་ཡོད་པའི་ངོས་འཛིན་བྱས། 

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་རླངས་འཁོར་ཁེ་ལས་ལྗར་པན་གྱི་ཁྲོམ་རར་མགྱོགས་མྱུར་ངང་ཞུགས་ཤིང་།  རྒྱུ་སྤུས་བཟང་ཞིང་རིན་གོང་ཁེ་བའི་ཐོན་རྫས་ལ་བརྟེན་ནས་ལྗར་པན་གྱི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཡོད། རིགས་གཅིག་མཁས་ཅན་གྱིས་གོ་ལ་ཧྲིལ་པོའི་ཐཱན་སེལ་རླབས་རྒྱུན་གྱི་སྐུལ་འདེད་འོག་གློག་སྒུལ་རླངས་འཁོར་ནི་མ་འོངས་པའི་རླངས་འཁོར་ཁྲོམ་རའི་གཙོ་རྒྱུན་དུ་འགྱུར་རྒྱུ་ཡིན་པ་དེས་ཀྲུང་གོའི་རླངས་འཁོར་ཁེ་ལས་ལྗར་པན་ལས་བརྒལ་རྒྱུའི་གོ་སྐབས་བསྐྲུན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།  

     ལྗར་པན་ནི་གོ་ལ་ཧྲིལ་པོའི་རླངས་འཁོར་ཁྲོམ་ར་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་གློག་སྒུལ་རླངས་འཁོར་གྱི་ཁྱབ་ཚད་ཅུང་དམའ་བས། ལྗར་པན་སྲིད་གཞུང་གིས་སྤྱི་ལོ་2035ལོའི་སྔོན་དུ་རྒྱལ་ནང་དུ་བྲིན་ཚོང་བྱ་རྒྱུའི་རླངས་འཁོར་གསར་པ་ཚང་མ་གློག་སྒུལ་རླངས་འཁོར་ཡིན་དགོས་པ་མ་ཟད།  སྲིད་ཇུས་ཀྱི་སྟེང་ནས་གློག་སྒུལ་རླངས་འཁོར་ལ་རྒྱབ་སྐྱོར་བྱ་རྒྱུའི་འཆར་གཞི་བཀོད་ཡོད་དེ།  དཔེར་ན། གློག་སྒུལ་རྐྱང་པའི་རླངས་འཁོར་ཞིག་ཉོས་ཚེ་མཐོ་ཤོས་ལ་ལྗར་པན་གྱི་སྒོར་མོ་ཁྲི85ཡི་སྲིད་གཞུང་གི་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ཡོད་ནའང་ལྗར་པན་གྱི་རླངས་འཁོར་བཟོ་སྐྲུན་ཚོང་པའི་ཕྱོགས་སྒྱུར་རྣམ་འགྱུར་དེ་ཙམ་བཟང་པོ་མེད། 

     དབྱིན་ཇིའི་ཨེའར་ཤིས་རླངས་འཁོར་ཁྲོམ་རའི་བློ་འདྲི་ཀུང་སིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ་2022ལོར་ལྗར་པན་གྱི་རླངས་འཁོར་གསར་པའི་སྤྱིའི་ཕྱིར་ཚོང་ཁྲོད་གློག་སྒུལ་རྐྱང་པའི་རླངས་འཁོར་གྱིས་1.7%མ་གཏོགས་ཟིན་མེད་པས།  ཀྲུང་གོའི་19%དང་ཡོ་རོབ་ཀྱི་11%དང་བསྡུར་ན་ཤིན་ཏུ་དམའ་པོ་ཡིན་པ་རེད།  

     ལྗར་པན་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེང་ཀྲུའུ་ཀྲེང་ཧྲི་ཡིས། ལྗར་པན་གྱི་སྲོལ་རྒྱུན་རླངས་འཁོར་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་འབར་སྣུམ་ཅན་གྱི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཆེ་ཞིང་།  ཁེ་སྤོགས་བཟང་ལ།  ཕྱོགས་སྒྱུར་སྒུལ་ཤུགས་ཆུང་བས་བསྡོམས་རྩིས་བྱས་པར་གཞིགས་ན་སྤྱི་ལོ་2021ལོར་ལྗར་པན་རྒྱལ་ཡོངས་ཀྱིས་ཐོན་སྐྱེད་བྱས་པའི་གློག་སྒུལ་རྐྱང་པའི་རླངས་འཁོར་གྱི་གྲངས་འབོར་གོ་ལ་ཧྲིལ་པོའི་ཐོན་ནུས་ཀྱི་1%ཡང་ཟིན་མེད།  

     ལྗར་པན་གྱི་རླངས་འཁོར་ནང་འདྲེན་མཐུན་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། སྤྱི་ལོ་2022ལོར་ལྗར་པན་གྱིས་ཕྱི་རྒྱལ་ནས་གློག་སྒུལ་རྐྱང་པའི་རླངས་འཁོར་གསར་པ་ཁྲི་1.43མས་ཡས་ནང་འདྲེན་བྱས་པ་དེ་ལོ་གོང་མ་ལས་66.6%འཕར་ཏེ་ཐེངས་དང་པོར་རླངས་འཁོར་ཁྲི་1ལས་བརྒལ་བ་རེད། ཁྲེང་ཀྲུའུ་ཡིས་ནུས་རྒྱུ་གསར་པའི་རླངས་འཁོར་ལྗར་པན་གྱི་ཁྲོམ་རའི་ཐོབ་སྐལ་རིམ་བཞིན་ཇེ་མང་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། སྙན་དབྱངས། 

 

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིའི་ཙུང་ཐུང་ཐའེ་ཝན་དུ་སྐྱོད་བྱ་རྒྱུའི་ཐད།

ཟླམའོ་ཉིང་གིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པས།

中央广播电视总台 央广网 版权所有

ཀྲུང་གོའི་གློག་སྒུལ་རླངས་འཁོར་ལྗར་པན་གྱི་ཁྲོམ་རར་ཐོན་འདུག

ལྗར་པན་གྱི་རླངས་འཁོར་ནང་འདྲེན་མཐུན་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། སྤྱི་ལོ་2022ལོར་ལྗར་པན་གྱིས་ཕྱི་རྒྱལ་ནས་གློག་སྒུལ་རྐྱང་པའི་རླངས་འཁོར་གསར་པ་ཁྲི