ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མི་དམངས་དངུལ་ཁང་གིས་དྲན་རྟེན་དངུལ་ཊམ་འདི་དག་འགྲེམས་སྤེལ་བྱ་རྒྱུ།

2022-07-20 09:32:00     责编:桑吉卓玛

མི་དམངས་དངུལ་ཁང་གིས་དྲན་རྟེན་དངུལ་ཊམ་འདི་དག་འགྲེམས་སྤེལ་བྱ་རྒྱུ།

 

       གསར་འགོད་པར་སྤྱི་ཚེས་18ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དངུལ་ཁང་གིས་སྤྱི་ཟླ་7པའི་ཚེས་25ཉིན་འཛམ་གླིང་ཤུལ་བཞག་(ཆོན་ཀྲོའུ། སུང་ཡོན་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས)གི་གསེར་དངུལ་གྱི་དྲན་རྟེན་དངུལ་ཊམ་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། གསེར་དངུལ་གྱི་དྲན་རྟེན་དངུལ་ཊམ་ཆ་ཚང་དེར་ཁྱོན་དངུལ་ཊམ་4ཡོད་པའི་ནང་དྲན་རྟེན་གསེར་ཊམ་2དང་དྲན་རྟེན་དངུལ་ཊམ་2ཡོད་ཅིང་། ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ཡིན།

       གསེར་དངུལ་གྱི་དྲན་རྟེན་དངུལ་ཊམ་ཆ་ཚང་དེའི་མདུན་ངོས་ཀྱི་རི་མོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་མིང་དང་ལོའི་ཨང་རྟགས་བཀོད་ཡོད། རྒྱབ་ངོས་ཀྱི་རི་མོར་སོ་སོའི་ཁྱད་ཆོས་རེ་ཡོད་དེ། ཁེ་150ཡོད་པའི་སྒོར་དབྱིབས་ཅན་གྱི་དྲན་རྟེན་གསེར་ཊམ་གྱི་རྒྱབ་ངོས་རི་མོ་ནི་ཆོན་ཀྲོའུ་ཐེན་ཧོའུ་ཕོ་བྲང་གི་མ་ཙུའུ་ཡི་སྐུ་བརྙན་ཡིན་པ་དང་། གཞོགས་སུ་ཐེན་ཧོའུ་ཕོ་བྲང་གི་ལྷ་ཁང་གི་བཟོ་དབྱིབས་དང་ཆུ་རིས། སུང་ཡོན་ཆོན་ཀྲོའུ་ཡི་མཚོ་ངོགས་རྒྱུད་ཀྱི་ས་ཆ་ཆ་ཤས་ཀྱི་སྤྱི་ཁོག་སྡེབ་སྒྲིག་ཇུས་འགོད་བྱས་ཡོད་ཅིང་། ཆོན་ཀྲོའུ་སྟེ་སུང་ཡོན་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས་ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད།

       ཁེ་8ཡོད་པའི་སྒོར་དབྱིབས་ཅན་གྱི་དྲན་རྟེན་གསེར་ཊམ་གྱི་རྒྱབ་ངོས་རི་མོ་ནི་ཆོན་ཀྲོའུ་ཅིའུ་རི་རི་བོའི་རླུང་གསོལ་རྡོ་བརྐོས་དང་སུང་རྒྱལ་རབས་ཀྱི་ཆོན་ཀྲོའུ་ཚོང་གྲུའི་བཟོ་དབྱིབས་ཡིན་པ་དང་། གཞོགས་སུ་བཀྲ་ཤིས་པའི་མཚམས་སྤྲིན་དང་མཚོ་རླབས་སོགས་སྡེབ་སྒྲིག་ཇུས་འགོད་བྱས་ཡོད་ཅིང་། ཆོན་ཀྲོའུ་སྟེ་སུང་ཡོན་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས་ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད།

 

       ཁེ་500ཡོད་པའི་སྒོར་དབྱིབས་ཅན་གྱི་དྲན་རྟེན་དངུལ་ཊམ་གྱི་རྒྱབ་ངོས་རི་མོ་ནི་ཆོན་ཀྲོའུ་ལུའོ་དབྱང་ཟམ་པ་དང་ཁའེ་ཡོན་དགོན་གྱི་མཆོད་རྟེན་གཉིས་ཡིན་པ་དང་། གཞོགས་སུ་ཚེར་ཐུང་མེ་ཏོག་དང་གྲུ་གཟིངས་སོགས་སྡེབ་སྒྲིག་ཇུས་འགོད་བྱས་ཡོད་ཅིང་། ཆོན་ཀྲོའུ་སྟེ་སུང་ཡོན་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས་ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད།

 

       ཁེ་30ཡོད་པའི་སྒོར་དབྱིབས་ཅན་གྱི་དྲན་རྟེན་དངུལ་ཊམ་གྱི་རྒྱབ་ངོས་རི་མོ་ནི་ཆོན་ཀྲོའུ་ཡི་ལའོ་ཅུན་བྲག་རྡོའི་སྐུ་བརྙན་ཡིན་པ་དང་། གཞོགས་སུ་ཤིང་སྡོང་དང་རི་བོ་སོགས་སྡེབ་སྒྲིག་ཇུས་འགོད་བྱས་ཡོད་ཅིང་། ཆོན་ཀྲོའུ་སྟེ་སུང་ཡོན་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས་ཞེས་པའི་ཡི་གེ་དང་དངུལ་གྲངས་བཀོད་ཡོད།

 

       གསེར་དངུལ་གྱི་དྲན་རྟེན་དངུལ་ཊམ་ཆ་ཚང་དེ་ནི་ཀྲུང་གོའི་གསེར་ཊམ་ཚོགས་པ་ཚད་ཡོད་ཀུང་སིས་འཚོང་གི་ཡོད་པ་དང་། བྲིན་ཚོང་ཐབས་ལམ་ཀྲུང་གོའི་གསེར་ཊམ་དྲ་བར་ཞིབ་ཕྲ་བཀོད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། ལྷ་སྟག་མཚོ། 

 

 

 

 

 

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

མི་དམངས་དངུལ་ཁང་གིས་དྲན་རྟེན་དངུལ་ཊམ་འདི་དག་འགྲེམས་སྤེལ་བྱ་རྒྱུ།

གསར་འགོད་པར་སྤྱི་ཚེས་18ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དངུལ་ཁང་གིས་སྤྱི་ཟླ་7པའི་ཚེས་25ཉིན་འཛམ་གླིང་ཤུལ་བཞག་(ཆོན་ཀྲོའུ།