ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ཀྲུང་གོའི་རུ་ཁག་འདིས་གསེར་གྱི་རྟགས་མ་གཅིག་བླངས་འདུག

2022-06-23 15:13:00     责编:娜科

 

    པེ་ཅིང་གི་དུས་ཚོད་སྤྱི་ཟླ་6ཚེས་21ཉིན་གྱི་དགོང་མོ། སྤྱི་ལོ་2022ལོའི་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་འགྲན་བསྡུར་ཐེངས་བཞི་པ་འགོ་ཚུགས་ཡོད།  སྣ་མང་ཆུ་རྐྱལ་མཉམ་སྡེབ་ཀྱི་རྩལ་ནུས་རང་འདེམས་ཀྱི་མཐའ་མའི་འགྲན་བསྡུར་ནང་གྲ་སྒྲིག་འགྲན་བསྡུར་གྱི་ཨང་དང་པོའི་ཐོབ་ཐང་ཐོག་ནས་ཀྲུང་གོའི་རུ་ཁག་རིམ་པ་འཕར་ནས་ཨང་བདུན་པར་སླེབས་ཡོད། མཐར་བུ་མོ་ཚོས《ང་རང་ཀྲུང་གོར་དགའ》ཞེས་པའི་དབྱངས་རྟའི་འགྱུར་ཁུག་དང་བསྟུན་ནས་འགྲན་བསྡུར་འཕྱུག་པ་མེད་པར་བྱས་པ་དང་། ༼ཕུགས་འདུན་དོན་གཉེར་བྱེད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཞི་ཞིང་དུལ་བའི་འཁྲབ་སྟོན་ཁྲོད་ཁོང་ཚོས་གྲ་སྒྲིག་འགྲན་བསྡུར་གྱི་སྐར་གྲངས་94.0039གསར་དུ་བཏོད་པ་དང་འབྲེལ་སྐར་གྲངས་94.7202སླེབས་ཡོད། དེ་རྗེས་འགྲན་བསྡུར་ནང་ཞུགས་མཁན་གྱི་འགྲན་ཡ་གཙོ་བོ་དབྱི་ཊ་ལིའི་རུ་ཁག་དང་ལྗར་པན་རུ་ཁག་གཉིས་ཀ་ཀྲུང་གོའི་རུ་ཁག་གི་སྐར་གྲངས་ལས་བརྒལ་ཐུབ་མེད་པ་དང་། འགྲན་བསྡུར་ནང་ཞུགས་པའི་ཆེས་མཐའ་མའི་རུ་ཁག་སྟེ་ཧྥ་རན་སིའི་རུ་ཁག་གི་སྐར་གྲངས་ཀྱང་ཀྲུང་གོའི་རུ་ཁག་ལས་བརྒལ་ཐུབ་མེད་པས་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་བླངས་ཡོད་པ་རེད། ལྗར་པན་རུ་ཁག་དང་དབྱི་ཊ་ལིའི་རུ་ཁག་ལ་ཁག་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་ཡོད།

    གསེར་གྱི་རྟགས་མ་དེ་ཡང་གོང་གི་ཉིན་གཉིས་ནང་ཝང་ཆན་དབྱི་དང་ཝང་ལིའུ་དབྱིས་སྣ་མང་ཆུ་རྐྱལ་གྱི་མི་གཉིས་རྩལ་ནུས་རང་འདེམས་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས་རྗེས་ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་གཉིས་པ་དེ་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། སྒྲོལ་མ་སྐྱབས།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

▶ཀྲུང་གོའི་རུ་ཁག་འདིས་གསེར་གྱི་རྟགས་མ་གཅིག་བླངས་འདུག

གསེར་གྱི་རྟགས་མ་དེ་ཡང་གོང་གི་ཉིན་གཉིས་ནང་ཝང་ཆན་དབྱི་དང་ཝང་ལིའུ་དབྱིས་སྣ་མང་ཆུ་རྐྱལ་གྱི་མི་གཉིས་རྩལ་ནུས་རང་འདེམས་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས་རྗེས་ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཐོབ་པའི་གསེར་གྱི་རྟགས་མ་གཉིས་པ་དེ་ཡིན་པ་རེད།