ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

གཟིཊ་དང་། ཡང་ཁ་པར་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ཤོས་ཤིག་ཐོན....

2022-06-11 10:51:00     责编:桑吉卓玛

གཟིཊ་དང་། ཡང་ཁ་པར་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ཤོས་ཤིག་ཐོན....

 

གཟིགས་དང་། ཡང་ཁ་པར་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ཤོས་ཤིག་ཐོན་འདུག

       ས་གནས་དེ་གའི་དུས་ཚོད་སྤྱི་ཚེས7ཉིན། ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་27གྱི་གྲོས་མོལ་འཐུས་ཚབ་བར་གྲོས་མཐུན་བྱུང་ནས་ལོ་གཉིས་ཀྱི་རྗེས་སུ་ཡོ་རོབ་མནའ་འབྲེལ་ས་ཁོངས་ཀྱི་སྟབས་བདེའི་གློག་རྡུལ་སྒྲིག་ཆས་ཚང་མའི་གློག་གསོག་མཐུད་ཁ་གཅིག་གྱུར་བྱ་རྒྱུར་མོས་མཐུན་བྱུང་ཡོད།

       ཡོ་རོབ་མནའ་འབྲེལ་གྱིས་ལག་ཐོགས་ཁ་པར་སོགས་གློག་རྡུལ་སྒྲིག་ཆས་ཀྱི་གློག་གསོག་མཐུད་ཁ་གཅིག་གྱུར་བྱ་རྒྱུ་རེད།

 

 

       གྲོས་མཐུན་ཆོད་ཡིག་ལྟར་ན། ཐེངས་འདིར་ཡོ་རོབ་མནའ་འབྲེལ་ས་ཁོངས་ཀྱི་ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། གློག་རྡུལ་དཔེ་ཀློག་ཡོ་བྱད། གྲངས་འཛིན་པར་ཆས། རྣ་ཉན། ལག་ཐོགས་གློག་ཀླད་སོགས་སྟབས་བདེའི་གློག་རྡུལ་སྒྲིག་ཆས་ཚང་མས་ངེས་པར་དུ་USB Type-Cཡི་མཐུད་ཁ་དེ་སྐུད་ཡོད་གློག་གསོག་འཕྲུལ་ཆས་ཀྱི་མཐུད་ཁ་ལྟར་བེད་སྤྱོད་གཏོང་དགོས། གྲོས་མཐུན་དེ་གྲོས་ཚོགས་ཀྱི་དབྱར་དུས་གུང་གསེང་རྗེས་ནས་དངོས་སུ་ཆོག་མཆན་བཀོད་རྗེས་ཡོ་རོབ་མནའ་འབྲེལ་གྱི་གཞུང་ཕྱོགས་སྤྱི་བསྒྲགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་རེད། 

       གཏན་འབེབས་གསར་པ་དེ་ཟླ་བ24རྗེས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་མཐུད་ཁ་གཅིག་གྱུར་བྱས་པ་དེས་འཛད་སྤྱོད་པར་ལོ་རེར་ཡོ་རོབ་སྒོར་མོ་དུང་ཕྱུར་2.5 (དམངས་སྒོར་དུང་ཕྱུར་17.8)ཙམ་གྲོན་ཆུང་བྱ་ཐུབ་པ་མ་ཟད་ཁོར་ཡུག་སྲུང་སྐྱོབ་ཀྱང་བྱེད་ཐུབ་ཞེས་བཤད།

 

 

       གློག་རྡུལ་སྒྲིག་ཆས་ཀྱི་གློག་གསོག་མཐུད་ཁ་གཅིག་གྱུར་བྱེད་པ་ལས་གཞན་སྤྱི་བསྒྲགས་ནང་ད་དུང་། མགྱོགས་མྱུར་ངང་གློག་གསོག་ཐུབ་པའི་གཅིག་གྱུར་ཅན་གྱི་གློག་གསོག་སྒྲིག་ཆས་ཀྱི་མྱུར་ཚད་ལའང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་ལ། དེ་ལས་གཞན། འཛད་སྤྱོད་པས་གློག་རྡུལ་སྒྲིག་ཆས་གསར་བ་ཉོ་སྐབས་གློག་གསོག་སྒྲིག་ཆས་ལྷག་མ་ཉོ་མིན་ཀྱང་རང་གི་འདོད་བློ་ལྟར་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་སྒྲིག་སྲོལ་གསར་པ་དེའི་ཤུགས་རྐྱེན་ཐེབས་ས་ཆེ་ཤོས་ནི་ཀུ་ཤུ་ཀུང་སི་ཡིན་པ་དང་། གཏན་འབེབས་ལྟར་ན་སྤྱི་ལོ་2024ལོར་ཡོ་རོབ་མནའ་འབྲེལ་ས་ཁོངས་ནས་ཕྱིར་འཚོང་བྱེད་པའི་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་གྱི་གློག་གསོག་མཐུད་ཁ་དེ་Type-Cཅན་ལ་མི་བསྒྱུར་ཀ་མེད་རེད། དེའི་ཐད་ལ་ཀུ་ཤུ་ཀུང་སིས་དུས་ཐོག་ཏུ་ཨ་ལན་སློག་མེད་ནའང་། གློག་གསོག་མཐུད་ཁ་གཅིག་གྱུར་བྱེད་པ་དེས་གསར་གཏོད་ལ་གནོད་པ་བཟོ་སྲིད་ཅེས་བཤད་མྱོང་པ་རེད།  

 

 

       ལས་རིགས་ནང་ཁུལ་གྱི་དབྱེ་ཞིབ་པས་ཀུ་ཤུ་ཀུང་སིས་སྤྱི་ལོ་2023ལོར་གཅིག་གྱུར་གྱི་གློག་གསོག་མཐུད་ཁ་བེད་སྤྱོད་གཏོང་རྒྱུ་ཡིན་ཞེས་བརྗོད།

 

 

 

       ཡོ་རོབ་མནའ་འབྲེལ་གྱིས་གློག་གསོག་མཐུད་ཁ་གཅིག་གྱུར་བྱེད་པའི་སྲིད་ཇུས་ཐད་ཨ་རིའི་ཀུ་ཤུ་ཀུང་སིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་པའི་རྣམ་འགྱུར་བཟུང་ཡོད། འོ་ན་ཡོ་རོབ་མནའ་འབྲེལ་གྱི་གྲོས་མཐུན་གསར་ཤོས་ཀྱིས་ཀུ་ཤུ་ཀུང་སིའི་ཐོན་སྐྱེད་ལ་ཤུགས་རྐྱེན་ག་འདྲ་བཟོ་སྲིད་དམ།
     
 ཀུ་ཤུ་ཀུང་སིས་རང་ཉིད་ཀྱི་དམིགས་བསལ་གློག་གསོག་མཐུད་ཁ་དེ་འདོར་སྲིད་དམ།  

       འདིའི་ནང་དུ་སྒྲུབ་ཁག་ཀྱང་ཤེས་འདོད་པ་ཞིག་ཡོད་པ་ནི། ཀུ་ཤུ་ཀུང་སིས་Lightningརྩ་བ་ནས་དོར་ཏེ་པར་གཞི་གསར་པའི་ཁ་པར་ཚང་མར་USSBType-Cཅན་གྱི་མཐུད་ཁ་བསྒྲིག་རྒྱུ་ཡིན་པར་མ་ཟད་ས་ཁུལ་མི་འདྲ་བར་དམིགས་ནས་Lightningདང་USB Type-Cཅན་གྱི་མཐུད་ཁ་རིགས་གཉིས་ཁྱབ་བསྒྲགས་བྱེད་སྲིད་ལ། མིག་སྔར་ཚོང་རར་བྲིན་པ་ནི་Lightningཅན་གྱི་མཐུད་ཁ་ཡིན་པའི་རྒྱུ་མཚན་ནི་རིགས་མི་འདྲ་པའི་མཐུད་ཁ་ཡིས་ཀུ་ཤུའི་ཇུས་འགོད་དང་ཐོན་སྐྱེད་གཉིས་ཀྱི་ཐད་ནས་དཀའ་ཁག་བཟོ་བཞིན་ཡོད་པས་རེད། འོན་ཀྱང་ཇུས་གཞི་དེའི་སྐྱོན་ཆ་ནི་ཀུ་ཤུ་རྟགས་ཅན་ལ་Lightningཅན་གྱི་སྲ་ཆས་ཀྱི་འབྲེལ་ཡོད་ཡོང་འབབ་ཤོར་སྲིད་པ་དང་དེར་འབྲེལ་གྱི་དབང་ཆའང་ཤོར་སྲིད་པས་རེད། འདིའང་ཀུ་ཤུ་ཀུང་སིས་དུས་རྟག་ཏུ་ཡོ་རོབ་མནའ་འབྲེལ་གྱི་ཐབས་ཇུས་འདིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་རྒྱུ་རྐྱེན་ཡིན་པ་རེད།

 

 

       འདིར་ཀུ་ཤུའི་MFiཡི་བདེན་དཔང་བརྒྱུད་རིམ་ངེས་པར་དུ་གླེང་དགོས། འདིས་གལ་ཏེ་གློག་གསོག་ཡོ་ཆས་དང་གློག་ཁུངས་སྒྲིག་ཆས་སོགས་ཀྱི་ལྷུ་ལག་ཐམས་ཅད་iPhoneསྟེང་དུ་འཛུགས་འདོད་ཚེ་ངེས་པར་དུ་ཀུ་ཤུའི་བདེན་དཔང་དགོས་པ་དང་། ཀུ་ཤུ་ཀུང་སིས་ཀྱང་བདེན་དཔང་ཐོབ་ཟིན་པའི་ཕྱིའི་སྒྲིག་ཆས་རེ་རེའི་ནང་ནས་ཁེ་ཕན་ལེན་དགོས་རྒྱུ་དེ་མཚོན་ཡོད།

       ཀུ་ཤུ་ཀུང་སིས་ཐུན་མིན་མཐུད་ཁ་ལ་བརྟེན་ནས་ཁེ་ཕན་འབོར་ཆེན་ལེན་པ་དང་དབང་ཆ་ཚོད་འཛིན་བྱས་ཡོད། 

       Lightningམཐུད་ཁ་ནི་ཀུ་ཤུ་རང་ཉིད་ཀྱི་སྒེར་དབང་གྲོས་ཆིངས་ཤིག་ཡིན་པ་དང་། USB Type-Cནི་དབྱིན་ཐེར་དང་། ཀུ་ཤུ། ཝེ་རོན་སོགས་ལས་འཛིན་ལྷན་ཚོགས་ཆེན་པོ་བདུན་གྱི་ཁོངས་མི་དང་ཁེ་ལས་ཚོགས་མི2000ལྷག་གིས་གྲུབ་པའི་ཕྱོགས་གསུམ་པའི་སྒྲིག་གཞིའི་བར་གྱི་ཐུན་མིང་གྲོས་ཆིངས་ཤིག་ཡིན་པས་དེར་USB-IFཟེར། 

 

 

       དེ་བས། ཀུ་ཤུ་ཀུང་སིས་ཚོར་རར་བྲིན་པའི་ཐོན་རྫས་iPhoneཐོག་ཏུ་Lightningམཐུད་ཁ་སྤྱད་པ་དེའི་ཐོག་ནས་གློག་གསོག་སྐུད་པ་རེ་རེ་དང་iPhoneཟུང་འབྲེལ་བྱས་ནས་བེད་སྤྱོད་བྱེད་པའི་ལྷུ་ལག་ཁྲོད་ཨ་སྒོར་དུང་ཕྱུར་ལྷག་གི་ཡོང་འབབ་ཐོབ་པ་མཚོན་ཡོད་པར་མ་ཟད་ཀུ་ཤུའི་མ་ལག་གི་ཁས་ལེན་དབང་ཆ་དང་ཚོད་འཛིན་དབང་ཆ་ཡང་མཚོན་ཡོད་པ་རེད།  

       ཀུ་ཤུ་ཀུང་སིའི་བཀག་སྡོམ་རང་བཞིན་གྱི་ཕྱིར་འཚོང་རྣམ་པར་རྒྱལ་ཁབ་མང་པོའི་ལྟ་སྐུལ་དོ་དམ་སྒྲིག་གཞིས་འགྲན་སློང་བྱས། 

 

 

       ཁྲོམ་ར་རུ་མི་ལ་ལས། ཡོ་རོབ་མནའ་འབྲེལ་གྱི་གཏན་འབེབས་ལས་གཡོལ་ཐུབ་ཅིང་ཀུ་ཤུའི་MFiབདེན་དཔང་ཁས་ལེན་ཀྱང་ཐོབ་པའི་ལམ་སྲོལ་གྱི་སྐྱོན་ཆ་ནི་ཀུ་ཤུ་ཀུང་སིས་གློག་གསོག་ཁུང་བུ་མེད་པའི་ལག་ཐོགས་ཁ་པར་ཅིག་གསར་གཏོད་བྱ་རྒྱུ་ཡིན་པ་དེར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་མིག་སྔར་ཀུ་ཤུའི་སྐུད་མེད་གློག་གསོག་ MagSafe་དང་ལག་རྩལ་ད་དུང་བྱང་ཆུབ་མེད་པས་གདམ་ག་དེ་དེ་འདྲ་ཡག་པོ་ཞིག་མིན། ཚིག་བརྒྱ་མདོར་བསྡུས་ན། མིག་སྔར་ཀུ་ཤུས་Lightningམཐུད་ཁ་བཀོལ་ནས་ལོ་10འགོར་རྗེས་མཐུད་ཁ་དེ་མི་འདོར་ཀ་མེད་ཡིན་པ་དང་། ཀུ་ཤུ་ཡི་བཀག་སྡོམ་རང་བཞིན་གྱི་ཕྱིར་འཚོང་རྣམ་པ་ལའང་རྒྱལ་ཁབ་མང་པོའི་ལྟ་སྐུལ་དོ་དམ་སྒྲིག་གཞིས་འགྲན་སློང་བྱེད་བཞིན་ཡོད་པས་ང་ཚོས་ཚན་རྩལ་ཀུང་སི་དང་ལྟ་སྐུལ་དོ་དམ་བར་གྱི་རྩོད་གཞི་མུ་མཐུད་མཐོང་ཐུབ་ངེས་རེད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

སྒྲིག་སྒྱུར། སྙན་དབྱངས།

 

 

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

གཟིཊ་དང་། ཡང་ཁ་པར་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསར་ཤོས་ཤིག་ཐོན....

ས་གནས་དེ་གའི་དུས་ཚོད་སྤྱི་ཚེས7ཉིན། ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་27གྱི་གྲོས་མོལ་འཐུས་ཚབ་བར་གྲོས་མཐུན་བྱུང་ནས་ལོ་གཉིས་ཀྱི་རྗེས་སུ་ཡོ་རོབ་མནའ་འབྲེལ་