ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶གླིང་སྒྲུང་གི་འགུལ་རིས་གློག་བརྙན་བཟོས་འདུག

2022-06-06 11:12:00     责编:娜科

 

 

 

     གླིང་སྒྲུང་ནི་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་ཡིན་པས“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་སྙན་ངག”ཅེས་བརྗོད་ཀྱི་ཡོད། དེ་ལ་ནང་དོན་ཕུན་སུམ་ཚོགས་པོ་དང་སྒྲུང་ཡིག་གྲངས་ལས་འདས་པ་ཡོད་པའི་ཁྱད་ཆོས་ལྡན་ཞིང་། གླིང་རྗེ་གེ་སར་རྒྱལ་པོས་ཕྱོགས་བཞིའི་བདུད་འདུལ་ནས་འབངས་མི་ཚོར་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས་བརྗོད་ཡོད། ལོ་ངོ་སྟོང་ཕྲག་རིང་གླིང་སྒྲུང་ནི་གངས་ལྗོངས་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་ཁྱབ།   

 

     གློག་བརྙན《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པ་དེ་གླིང་སྒྲུང་ལ་བརྟེན་ཅིང་འགུལ་རིས་གློག་བརྙན་གྱི་རྣམ་པའི་ཐོག་ནས་ལྷ་སྲས་ཇོ་རིའི་རུ་སྡེ་དག་དང་མཉམ་འབྲེལ་ཐོག་ཁྱིམ་གཞིས་སྲུང་སྐྱོང་དང་། རྟ་རྒྱུག་རྒྱལ་འཇོག་གི་གཏམ་རྒྱུད་བཤད་ཡོད།   “དྲུག་གཅིག”སྐབས་དང་བསྟུན་ནས། གློག་བརྙན་འདི་ཕྲུ་གུ་ཚོར་བྱིས་པའི་དུས་ཆེན་གྱི་ལག་རྟགས་ཤིག་གི་ཚབ་བྱས་ནས་མི་རིང་བར་སྟོན་རྒྱུ་ཡིན། གློག་བརྙན་འདི་ལས་ཕྲུ་གུ་ཚོའི་སེམས་ནང་དུ་གླིང་རྗེ་གེ་སར་རྒྱལ་པོའི་དཔའ་ཉམས་ལྡན་པའི་གཏམ་རྒྱུད་ཀྱི་འབྲས་བུ་ཞིག་སྨིན་ཐུབ་པའི་རེ་བ་ཡོད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

རྩོམ་སྒྲིག བདེ་ལྷ་མོ།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

▶གླིང་སྒྲུང་གི་འགུལ་རིས་གློག་བརྙན་བཟོས་འདུག

གློག་བརྙན《དཀའ་སྡུག་ཟིལ་གྱིས་མནན་པའི་གེ་སར་རྒྱལ་པོ》ཞེས་པ་དེ་གླིང་སྒྲུང་ལ་བརྟེན་ཅིང་འགུལ་རིས་གློག་བརྙན་གྱི་རྣམ་པའི་ཐོག་ནས་ལྷ་སྲས་ཇོ་རིའི་རུ་སྡེ་དག་དང་མཉམ་འབྲེལ་ཐོག་ཁྱིམ་གཞིས་སྲུང་སྐྱོང་དང་།