ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཨ་རིར་རླངས་འཁོར་དོན་རྐྱེན་ཐོན་ཏེ་ཀྲུང་གོ་བ་1གྲོངས་ཤིང་3རྨས།

2022-04-21 10:02:00     责编:卓玛才让

ཨ་རིའི་མཛེས་ལྗོངས་ཁུལ་ཞིག་ཏུ་རླངས་འཁོར་དོན་རྐྱེན་ཐོན་ནས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་1རྐྱེན་ལམ་དུ་ཤོར་བ་དང་སློབ་མ3ལ་རྨས་སྐྱོན་ཕོག་ཡོད།

     སྤྱི་ཚེས་19ཉིན། ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་སྤྱི་ཁྱབ་ཁང་གིས་བདེན་དཔང་བྱས་པ་ལྟར་ན། གཟའ་འཁོར་གོང་མར་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ལྷོ་རྒྱུད་ཀྱི་བཙན་རྒྱལ་བྱེ་སྒང་སྤྲོ་གསེང་རོལ་རྩེད་ཁུལ་དུ་ཐོན་པའི་དོན་རྐྱེན་ཁྲོད་ཀྲུང་གོའི་ཕྱི་སྦྱོང་སློབ་མ་1རྐྱེན་ལམ་དུ་ཤོར་བ་དང་སློབ་མ་3ལ་རྨས་སྐྱོན་ཕོག་པ་རེད།

     ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་སྤྱི་ཁྱབ་ཁང་གིས། རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཁྱིམ་མི་དང་འབྲེལ་བ་བྱས་ནས་ཁོང་ལ་མྱ་ངན་དང་འཚམས་འདྲི་ཞུས་ཡོད་པ་མ་ཟད། ཁྱིམ་མིར་རྗེས་མཐུད་ལས་དོན་ལ་དགོས་ངེས་ཀྱི་གཞོགས་འདེགས་བྱེད་བཞིན་ཡོད་ཅེས་བསྟན་འདུག

     ཨ་རིའི་ལུའོ་ཧྲན་ཅིའི་སྐབས་དོན་ཚགས་པར་སོགས་སྨྱན་སྦྱོར་དང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་ཡི་མྱུར་བགྲོད་གཞུང་ལམ་གྱི་སྐོར་ཞིབ་ཉེན་རྟོག་པས་སྤྱི་ཟླ་4ཚེས་18ཉིན་ར་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རླངས་འཁོར་དོན་རྐྱེན་དེ་ནི་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་ཐོན་པ་དང་། ཉིན་དེར་ཁྲ་ཧྥུའུ་མན་སློབ་ཆེན་གྱི་སློབ་མ་ཞིག་དང་ཅ་ལི་ཧྥུའུ་ཉི་ཡ་ལྷོ་ཕྱོགས་སློབ་ཆེན་གྱི་སློབ་མ་གསུམ་ལས་གྲུབ་པའི་པར་ལེན་རུ་ཁག་བཙན་རྒྱལ་བྱེ་སྒང་མཛེས་ལྗོངས་ཁུལ་དུ་པར་ལེན་དུ་སོང་བ་དང་། ཁོང་ཚོ་བསྡད་པའི་རླངས་འཁོར་གྱི་ཁ་ལོ་བ་ནི་དེའི་ཁྲོད་ཀྱི་ཅ་ལི་ཧྥུའུ་ཉི་ཡ་ལྷོ་ཕྱོགས་སློབ་ཆེན་གྱི་སློབ་མ་ཞིག་ཡིན་པ་དང་བྱེ་སྒང་ཆེན་པོ་ཞིག་གི་རྩེར་སླེབས་སྐབས་རླངས་འཁོར་མགོ་རྟིང་ལོག་ནས་ལོ་29ལ་སོན་པའི་ཁྲ་ཧྥུའུ་མན་སློབ་ཆེན་གྱི་སློབ་མ་དེ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་སློབ་མ་གཞན་གསུམ་ལ་རྨས་སྐྱོན་ཕོག་ཡོད།

     ཁྲ་ཧྥུའུ་མན་སློབ་ཆེན་ཏའོ་ཆི་གློག་བརྙན་དང་སྨྱན་སྦྱོར་སྒྱུ་རྩལ་སློབ་གླིང་གི་འགོ་འཛིན་སི་ཏི་ཧྥེན་ཅ་ལུའོ་ཝུའེ་ཡིས། འདི་ནི་ང་ཚོར་འཕྲད་པའི་ཆེས་འཇིགས་སུ་རུང་བའི་དོན་རྐྱེན་ཞིག་རེད། རྐྱེན་ལམ་དུ་ཤོར་བའི་སློབ་མ་དེ་ནི་ཀྲུང་གོའི་Peng Wangཡིན་པ་དང་ལོ་རིམ་གསུམ་པའི་ཞིབ་འཇུག་སློབ་མ་ཞིག་དང་ཕུལ་དུ་བྱུང་བའི་པར་ལེན་པ་ཞིག་ཀྱང་ཡིན་པས། དེ་སྔོན་གློག་བརྙན་གྱི་བརྙན་ཐུང་མང་པོ་བཟོ་བའི་ནང་ཞུགས་ཡོད་པས་གྲོགས་པོ་ཚོའི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ཅེས་བསྟན་འདུག

     ཅ་ལི་ཧྥུའུ་ཉི་ཡ་ལྷོ་ཕྱོགས་སློབ་ཆེན་གྱི་གློག་བརྙན་སྒྱུ་རྩལ་སློབ་གླིང་གི་འགོ་འཛིན་དབྱི་ལི་ཧྲ་པེ་ཏའེ་ལི་ཡིས། སྤྱི་ཟླ་4ཚེས་18ཉིན་རྐྱེན་ལམ་དུ་ཤོར་བའི་སློབ་མའི་ཁྱིམ་མིར་གདུང་སེམས་མཉམ་སྐྱེས་ཀྱིས་སེམས་གསོ་དང་འཚམས་འདྲི་ཞུ་བཞིན་ཡོད་ཅེས་གསལ་བསྒྲགས་སྤེལ་བ་དང་།  རྐྱེན་ལམ་དུ་ཤོར་བའི་སློབ་མ་དེ་ནི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ཧོ་ཐོ་གྲོང་ཁྱེར་གྱི་གྲོང་མི་ཞིག་ཡིན་པ་དང་། ཅ་ལི་ཧྥུའུ་ཉི་ཡ་ལྷོ་ཕྱོགས་སློབ་ཆེན་གྱི་གློག་བརྙན་སྒྱུ་རྩལ་སློབ་གླིང་གི་གློག་བརྙན་སྒྲིག་བཟོ་ཚོགས་པ་ཞིག་གི་པར་ལེན་འགན་འཁུར་ཡོད། སློབ་གླིང་འདིས་དོན་རྐྱེན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། སྙན་དབྱངས།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ཨ་རིར་རླངས་འཁོར་དོན་རྐྱེན་ཐོན་ཏེ་ཀྲུང་གོ་བ་1གྲོངས་ཤིང་3རྨས།

ཨ་རིའི་མཛེས་ལྗོངས་ཁུལ་ཞིག་ཏུ་རླངས་འཁོར་དོན་རྐྱེན་ཐོན་ནས་ཀྲུང་གོའི་ཕྱི་སྦྱོང་སློབ་མ་1རྐྱེན་ལམ་དུ་ཤོར་བ་དང་སློབ་མ3ལ་རྨས་སྐྱོན་ཕོག་ཡོད།