ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶གནམ་གྲུ་ཞིག་དབྱིན་ཅི་ལི་མཚོ་འགག་ས་ཁུལ་དུ་གར་སོང་ཆ་མེད་དུ་གྱུར།

2022-04-04 10:42:00     责编:娜科

 

      ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4ཚེས་2ཉིན་དབྱིན་ཇི་ནས་འཕུར་ཡོང་བའི་གནམ་གྲུ་ཞིག་དབྱིན་ཅི་ལི་མཚོ་འགག་ཁུལ་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། མིག་སྔར་རོགས་སྐྱོབ་རུ་ཁག་གིས་ས་ཁུལ་དེར་འཚོལ་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་པ་རེད། 

    མི་གཉིས་བླུགས་པའི་PA-28རྟགས་ཅན་གྱི་གནམ་གྲུ་དེ་སྤྱི་ཟླ་4ཚེས་2ཉིན་གྱི་སྔ་དྲོ་དབྱིན་ཇིའི་ཝོ་ལི་ཁེ་རྫོང་གི་ཝུའར་སི་པན་ནས་འཕུར་བ་དང་། འགྲོ་ཡུལ་ནི་ཧྥ་རན་སེའི་ལེ་ཐུའུ་ཁའེ་ཡིན་པ་རེད།  

   ཧྥ་རན་སེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཉིན་དེའི་ཕྱི་དྲོ་གར་སོང་ཆ་མེད་དུ་གྱུར་བའི་གནམ་གྲུ་དེ་འཚོལ་བཞིན་ཡོད་ཅེས་བརྗོད་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར་དང་སྙན་སྒྲོན། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

རྒྱ་གར་གྱི་མི་འབོར་ཀྲུང་གོ་ལས་བརྒལ་ཏེ་འཛམ་གླིང་གི་མང་ཤོས་་་

མི་འབོར་ཚེ་ཚད་ཐད། སྤྱི་ལོ་2019ལོར་གོ་ལ་ཧྲིལ་པོའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.6ཡིན་པ་དང་། སྙན་ཞུའི་ནང་དུ་གྲངས་ཀ་དེ་སྤྱི་ལོ2050ལོར་ལོ་77.1བར་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

▶གནམ་གྲུ་ཞིག་དབྱིན་ཅི་ལི་མཚོ་འགག་ས་ཁུལ་དུ་གར་སོང་ཆ་མེད་དུ་གྱུར།

ཧྥ་རན་སེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཉིན་དེའི་ཕྱི་དྲོ་གར་སོང་ཆ་མེད་དུ་གྱུར་བའི་གནམ་གྲུ་དེ་འཚོལ་བཞིན་ཡོད་ཅེས་བརྗོད་འདུག