ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་གྲུ་བཅུ་དྲུག་པ“འབུམ་རམས་པ”རྟགས་ཅན་ཞེས་པའི་ལས་སྒྲུབ་ཚོགས་ཆུང་གིས་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐོག་མ་དེ་སྤེལ་བ།

2023-07-22 10:36:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་མི་བཞུགས་མཁའ་སྐྱོད་ལས་གཞིའི་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་7ཚེས་20ཉིན་ལྷ་གྲུ་བཅུ་དྲུག་པ“འབུམ་རམས་པ”རྟགས་ཅན་གྱི་ལས་སྒྲུབ་ཚོགས་ཆུང་གིས་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐོག་མ་དེ་སྤེལ་བ་དང་། ས་ངོས་ཚོགས་པ་དང་གྲུ་ཚང་ཕྱི་ནང་གི་མཁའ་སྐྱོད་པའི་མཐུན་སྦྱོར་གཞོགས་འདེགས་འོག བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཤོག་པས་མཁའ་སྐྱོད་པར་རྒྱབ་སྐྱོར་བྱས་ཏེ་ཐན་ཧོ་དང་། མེང་ཐན་གི་ཡུལ་ལྗོངས་ཧྲིལ་པོའི་པར་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་འགན་མང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།
སྤྱི་ཚེས་20ཉིན་གྱི་ཆུ་ཚོད་13ཙམ་ལ་ལྷ་གྲུ་བཅུ་དྲུག་པ་རྟགས་ཅན་གྱི་ལས་སྒྲུབ་ཚོགས་ཆུང་ནང་མཁའ་སྐྱོད་པ་དང་པོ་ཅིང་ཧའེ་ཕེང་བདེ་བླག་ངང་གྲུ་ཚང་ཕྱིར་དོན་ནས“ཚོར་སྣང་སྐྱིད་པོ་འདུག”ཅེས་བཤད་ཡོད།

ཆུ་ཚོད་21དང་སྐར་མ་40ཡི་ཐོག་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཆུ་ཚོད་8ཙམ་སྤེལ་བ་བརྒྱུད། ལྷ་གྲུ་བཅུ་དྲུག་པ་རྟགས་ཅན་གྱི་མཁའ་སྐྱོད་པ་ཅིང་ཧའེ་ཕེང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་ཀྱིས་མཉམ་ལས་དམ་ཟབ་བྱས་ནས། བར་སྣང་ས་ཚིགས་ཀྱི་འཕྲུལ་ཆས་གཤོག་པའི་རྒྱབ་སྐྱོར་འོག གྲུ་ཚང་ནས་ཕྱིར་དོན་པའི་གཏན་འཁེལ་ཟིན་པའི་ལས་འགན་ཁག་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།

ཅིང་ཧའེ་ཕེང་དང་ཀྲུའུ་དབྱང་ཀྲུའུ་བར་སྣང་ས་ཚིགས་ཀྱི་ཝུན་ཐན་ཚོད་ལྟའི་གྲུ་ཚང་ནང་བདེ་འཇགས་ངང་ཕྱིར་ལོག་གནང་ཞིང་། གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། མཁའ་སྐྱོད་པ་གསུམ་གྱིས་ལས་འགན་ཁག་ཚང་མ་ལེགས་བསྒྲུབས་ཟིན་རྗེས་ཕན་ཚུན་སྐུལ་མ་གཏོང་རེས་གནང་བ་དང་དུས་མཚུངས་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་ལ་བསྔགས་བརྗོད་ཀྱང་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨ་རིས་ཨུ་ཡུག་འགལ་བ་ཇེ་ཆེར་བཏང་ཡོད་ཟེར།

དེ་སྔོན་ཨ་རི་དང་ཁོ་ཚོའི་མནའ་མཐུན་རྒྱལ་ཁབ་དག་གིས་དབྱི་རན་གྱིས་ཨུ་རུ་སུར་མཚོན་ཆ་མཁོ་འདོན་བྱེད་པ་ཉེས་འཛུགས་བྱས་པ་ངོས་ལེན་བྱས་མེད།

中央广播电视总台 央广网 版权所有

ལྷ་གྲུ་བཅུ་དྲུག་པ“འབུམ་རམས་པ”རྟགས་ཅན་ཞེས་པའི་ལས་སྒྲུབ་ཚོགས་ཆུང་གིས་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐོག་མ་དེ་སྤེལ་བ།

མཁའ་སྐྱོད་པ་གསུམ་གྱིས་ལས་འགན་ཁག་ཚང་མ་ལེགས་བསྒྲུབས་ཟིན་རྗེས་ཕན་ཚུན་སྐུལ་མ་གཏོང་རེས་གནང་བ་དང་དུས་མཚུངས་ཀྲུང་གོའི་མཁའ་སྐྱོད་བྱ་གཞག་ལ་བསྔགས་བརྗོད་ཀྱང་གནང་ཡོད།