ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཀྲོའུ་ཧྲན་དུ་བརྒྱུད་སྤྲོད་བྱས་པ།

2023-09-14 17:28:00     责编:桑吉卓玛

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་ཧང་ཀྲོའུ་ཡི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཀྲེ་ཅང་ཀྲོའུ་ཧྲན་དུ་གཉེར་བ་དང་། “རིག་ལྡན་འགག་སྒོའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དྲ་ཐོག་ཞབས་ཞུའི་”མ་ལག་ཀྱང་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་རེད།

ཧང་ཀྲོའུ་ཨ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྲོའུ་ཧྲན་ས་ཚིགས་ཀྱིས་“ཤར་ཕྱོགས་རྒྱ་མཚོ་ཆེ་མོའི་རྦ་རླབས་མཐོ། ཀྲོའུ་ཧྲན་འདི་ཉིད་འབྱུང་འགྱུར་ཕྱོགས་སུ་སྐྱོད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགོ་འཛུགས་ས་ནི་“ལོ་ངོ་དྲུག་བརྒྱ་ཡི་ཉ་ལས་གྲུ་ཁ་”ཧྲེན་ཅ་མེན་ཡིན་པ་དང་མཇུག་བསྡུ་ས་ནི་ཀྲོའུ་ཧྲན་གྲོང་ཁྱེར་ལྟེ་གནས་ཀྱི་གྲོང་མིའི་ཐང་ཆེན་དུ་ཡིན་པ་རེད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་10.9ཡོད་པ་དང་བསམ་ཕྱོགས་ཇུས་འགོད་ནི་“ལོ་ངོ་དྲུག་བརྒྱའི་ཉ་ལས་གྲུ་ཁ་”ནས་“དེང་རབས་ཀྱི་རྒྱ་མཚོའི་གྲོང་ཁྱེར་”ཕྱོགས་སུ་བསྐྱོད་རྒྱུ་དེ་རེད།

ཀྲོའུ་ཧྲན་བབས་ཚུགས་ཀྱི་དཔལ་འབར་དེ་དཔལ་འབར་འཁྱེར་མཁན་170ཡིས་བརྒྱུད་སྤྲོད་བྱས་པ་ཞིག་རེད། དཔལ་འབར་འཁྱེར་མཁན་དང་པོ་ནི་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་རུ་མི་ཟུར་པ་ལུའོ་ཡུས་རེད། དཔལ་འབར་འཁྱེར་མཁན་གཉིས་པ་ཀྲང་ལི་ཀྲ་ནི་ཧའེ་ཏའོ་མངགས་གཏོང་ཁང་དང་ཀྲོའུ་ཧྲན་གྲོང་ཁྱེར་ཏའེ་ཧྲན་རྫོང་སྤྱི་བདེ་ཅུས་ ལུའོ་ཅ་ཨའོ་མངགས་གཏོང་ཁང་གི་འགོ་འཛིན་ཡིན་ཞིང་། ཁོང་གིས་ཧའེ་ཏའོ་རུ་ལོ་14རིང་ལས་གནས་བརྟན་སྲུང་གནང་ཡོད།

ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་མི་སྣ་དང་དངོས་ཟོག་འགག་སྒོ་ལས་སྒྲོལ་རྒྱུར་ཞབས་འདེགས་དེ་བས་ཡག་པ་ཞུ་ཆེད། ཧང་ཀྲོའུ་འགག་སྒོས་ཧང་ཀྲོའུ་གནམ་ཐང་གི་T4གནམ་ཐང་བབས་ཚུགས་མདུན་དུ་བཀོད་འདོམས་ལྟེ་གནས་བཙུགས་ནས་“རིག་ནུས་འགག་སྒོའི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དྲ་ཐོག་ཞབས་ཞུ་”གསར་སྤེལ་བྱས་ཏེ། ས་ཁོངས་ནང་ཡོང་མཁན་མི་སྣ་དང་དངོས་ཟོག་སོགས་ཀྱི་འགག་སྒྲོལ་གནས་ཚུལ་དུས་ཐོག་ཏུ་འགྲེམས་སྟོན་གྱིས་འགག་སྒོ་ལས་སྒྲོལ་བའི་ལས་ཕྱོད་ཆེ་རུ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཀྲོའུ་ཧྲན་དུ་བརྒྱུད་སྤྲོད་བྱས་པ།

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན་ཧང་ཀྲོའུ་ཡི་ཨ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཀྲེ་ཅང་ཀྲོའུ་ཧྲན་དུ་གཉེར་བ་དང་། “རིག་ལྡན་འགག་སྒོའི་ཨ་ཤེ་ཡའི་ལུས་རྩ