ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚལ་བཙོག་པ་འདི་འདྲ་རེད། ཁྱེད་རང་ད་དུང་དྲ་ཐོག་ནས་མངགས་ནུས་སམ།

2023-08-03 16:55:00     责编:娜科

    ཉེ་ཆར། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཁང་ལ་ལྷ་སའི་ཞོལ་གྲོང་གསར་ཉེ་འགྲམ་གྱི་མངགས་སྐྱེལ་ཟ་ཁང་ཞིག་གི་ཁོར་ཡུག་འཕྲོད་བསྟེན་ལ“བཙོག་ཟིང་ཞན་གསུམ”གྱི་གནད་དོན་ཡོད་པའི་ཁ་པར་ཞིག་འབྱོར། ཟླ་7ཚེས་31ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣ་དང་མཉམ་དུ་ཟ་ཁང་དེར་ལྟ་བར་བསྐྱོད་པ་ཡིན།

 

 

     ཁྲིམས་སྒྱུར་མི་སྣ་ཟ་ཁང་དུ་འབྱོར་རྗེས། དང་ཐོག་མངགས་སྐྱེལ་ཟ་ཁང་འདིའི་ལས་གཉེར་ལག་ཁྱེར་དང་ལས་མིའི་བདེ་ཐང་ལག་ཁྱེར་ལ་ལྟ་ཞིབ་བྱེད་སྐབས། ཟ་ཁང་འདིའི་ལས་གཉེར་ལག་ཁྱེར་སྟེང་དུ“གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཚལ་རིགས་ཟ་ཁང”ཞེས་འཁོད་ཡོད་པ་དང་། དེར་བཟའ་འཐུང་ཐོ་འགོད་ལག་ཁྱེར་ལས་བཟའ་བཅའི་ཚོང་གཉེར་ལག་ཁྱེར་མེད་པ་ཤེས་རྟོགས་བྱུང་བ་རེད།

 

ཁྲིམས་འཛིན་མི་སྣས་གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཚལ་རིགས་ཟ་ཁང་གི་བཟའ་བཅའ་གསོག་ཉར་བྱས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

     དེ་དང་དུས་མཚུངས་ཟ་ཁང་འདིར“བཙོག་ཟིང་ཞན་གསུམ”གྱི་སྣང་ཚུལ་ཡོད་པ་སྟེ། ཟ་ཁང་གི་སྒོ་འགྲམ་དུ་ཟས་རིགས་འཇོག་སའི་མཛོད་ཁང་ཡོད་པ་དང་། ཟས་རིགས་ཀྱི་རྒྱུ་ཆ་དང་ཐུམ་སྒྲིལ་ཤོག་སྒམ་སོགས་གང་བྱུང་དུ་དབྱུག་ཡོད་པ་རེད།

 

ཁྲིམས་སྒྱུར་མི་སྣས་གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཚལ་རིགས་ཟ་ཁང་གི་བཟའ་བཅའ་གསོག་ཉར་བྱས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

     ད་དུང་ཟ་ཁང་དེར་བཟའ་བཅའི་རྒྱུ་ཆ་གསོག་ཉར་ཚད་ལྡན་མེད་པའི་གནད་དོན་ཡོད་པ་དང་། ཕྱེད་བཟོས་བཟའ་བཅའ་བཙོས་མ་དང་རྗེན་པ་མཉམ་དུ་བཞག་ཡོད་པ་མ་ཟད། ད་དུང་ཟ་ཁང་དེའི་ལས་མིས་ལས་ཀ་བྱེད་རིང་ལས་ཞྭ་གྱོན་མེད་པ་དང་ཁ་རས་བརྒྱབ་མེད། ཁྲིམས་སྒྱུར་མི་སྣས་སྨན་སྣ་སོགས་བཟའ་བཅའི་རྒྱུ་ཆ་ཉོས་པའི་རྩིས་ཐོ་དང་འབྲེལ་ཡོད་ཞིབ་བཤེར་སྙན་ཞུ་འདོན་དགོས་པའི་རེ་བ་བཏོན་ཡང་ཟ་ཁང་འདིའི་ལས་གཉེར་མི་སྣར་འབྲེལ་ཡོད་དཔང་རྟགས་འདོན་རྒྱུ་མེད་པ་རེད།

 

ཁྲིམས་སྒྱུར་མི་སྣ ས་བཟའ་བཅའི་རྒྱུ་ཆ་ཐོན་སྐྱེད་ཆ་འཕྲིན་ལ་ལྟ་བཞིན་པ།

    ཁྲིམས་སྒྱུར་མི་སྣས་འཕྲལ་མར་ཟ་ཁང་འདི་གཉེར་སྐྱོང་བྱེད་མཚམས་འཇོག་པ་དང་དྲ་ཐོག་ཚོང་ཁང་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ། ཤེས་རྟོགས་བྱུང་བའི་གནད་དོན་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ་བཏང་ནས། ཚོང་ཁང་འདིས་དུས་ཐོག་ཏུ་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་བཟོས་ཏེ། མ་བཅོས་རྒྱུ་ཆའི་བརྟག་དཔྱད་སྙན་ཞུ་དང་སྤ་སེ་ཉར་དགོས་པ་དང་། བཟའ་བཅའི་མ་བཅོས་རྒྱུ་ཆ་ཚང་མ་ས་སྟེང་ནས་བར་ཐག་ལི་སྨི་10ཡོད་པའི་གཙང་སྦྲ་དོད་པའི་སོས་ཉར་སྒམ་དང་འཁྱགས་སྒམ་ནང་བླུགས་པ། མཛོད་ཁང་དང་དངོས་ཟོག་ཙག་ཙིག་འཇོག་ཁང་གི་དབྱེ་བ་ཡག་པོ་ཕྱེ་དགོས་པའི་བླང་བྱ་བཏོན་པ་རེད།

 

གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཚལ་རིགས་ཟ་ཁང་གི་ཚལ།

       ཟ་ཁང་དེ་ཕུད་སྲང་ལམ་ནང་ད་དུང་མངགས་སྐྱེལ་ཟ་ཁང་ཁ་ཤས་ཡོད་པར་ཁྲིམས་སྒྱུར་མི་སྣས་སྐབས་བསྟུན་འཐེན་བཤེར་བྱས་པ་རེད། ཟ་ཁང་ཞིག་གི་མིང་ལ“གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ”ཟེར་བའི་མངགས་སྐྱེལ་ཟ་ཁང་གི་འགན་འཁུར་བས་འབྲེལ་ཡོད་ལག་ཁྱེར་དང་ལས་མིའི་བདེ་ཐང་ལག་ཁྱེར་འདོན་རྒྱུ་ཡོད་མོད། འོན་ཀྱང་བཟའ་བཅའི་རྒྱུ་ཆ་སོས་པ་མེད་པ་དང་། བཟའ་བཅའི་རྒྱུ་ཆའི་ཐུམ་སྒྲིལ་གང་བྱུང་དུ་བཞག་པ། འཁྱགས་སྒམ་ནང་གི་བཟའ་བཅའི་རྒྱུ་ཆར་ཁེབས་བརྒྱབ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་རེད།

ཁྲིམས་སྒྱུར་ མི་སྣས་གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ་གྱི་མངགས་སྐྱེལ་ཟ་ཁང་ལ་ཞིབ་བཤེར་བྱེད་བཞིན་པ། 

     དེ་ཉིན་ཞིབ་བཤེར་བྱེད་རིང་། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མངགས་སྐྱེལ་ཟ་ཁང་ 2 ལ་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་སྟེ། ཚོང་གཉེར་བྱེད་མཚམས་འཇོག་པ་དང་དྲ་ཐོག་གི་ཚོང་ཁང་ལས་གཉེར་མི་བྱེད་པ་དང་འབྲེལ་མངགས་སྐྱེལ་ཟ་ཁང་གི་འབྲེལ་ཡོད་འགན་འཁུར་བ་སྐོང་འདྲི་བྱས་པ་རེད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཁྲིམས་སྒྱུར་པས་མུ་མཐུད་དོ་ཁུར་བྱེད་པ་དང་འབྲེལ“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་ནས། ཚོང་པས་དག་ཐེར་ཡོ་བསྲང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།

གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་སྨོག་ཚལ་ཟ་ཁང་ནང་གི་ཞོག་ཁོག

     འདིར་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དང་དེ་བཞིན་འཛད་སྤྱོད་རྩོད་གཞི་འཕྲད་སྐབས་12315ལ་ཁ་པར་བརྒྱབ་ནས་ཁེ་དབང་སྲུང་སྐྱོང་བྱེད་ཆོག

འཚོ་བའི་རྒྱུན་ཤེས།

ཚལ་བཙོག་པ་འདི་འདྲ་རེད། ཁྱེད་རང་ད་དུང་དྲ་ཐོག་ནས་མངགས་ནུས་སམ།

央广网

འཛམ་གླིང་སྐར་ཁུངས།

འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཨང་རིམ་ཐོན་འདུག ཨང་དང་པོ་ནི་་་

འཛམ་གླིང་གི་སྟོབས་ཆེན་ཁེ་ལས་500ཡི་སྤྱིའི་ཁེ་སྤོགས་ཆག་པའི་གནས་ཚུལ་འོག་སྔར་བཞིན་ཀུང་སི་མང་པོ་ཞིག་གི་ཁེ་སྤོགས་ཆེས་ཆེར་འཕར་ཡོད།

中央广播电视总台 央广网 版权所有

ཚལ་བཙོག་པ་འདི་འདྲ་རེད། ཁྱེད་རང་ད་དུང་དྲ་ཐོག་ནས་མངགས་ནུས་སམ།

འདིར་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་དང་དེ་བཞིན་འཛད་སྤྱོད་རྩོད་གཞི་འཕྲད་སྐབས་12315ལ་ཁ་པར་བརྒྱབ་ནས་ཁེ་དབང་སྲུང་སྐྱོང་བྱེད་ཆོག