ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཨང་རིམ་ཐོན་འདུག ཨང་དང་པོ་ནི་་་

2023-08-10 16:49:00     责编:娜科

     སྤྱི་ཟླ་8ཚེས་2ཉིན། རྒྱུ་ནོར་དུས་དེབ་ཀྱིས་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་།  མིང་ཐོའི་ནང་ད་ལོ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཁྲོད་ཀྲུང་གོའི་བསྡོམས་པས་ཀུང་སི་142ཚུད་ཡོད། ཀུང་སི་ཆེན་པོའི་ཁ་གྲངས་ཀྱིས་མུ་མཐུད་འཛམ་གླིང་གི་དང་པོ་བཟུང་ཡོད།  ལོ་སྔོན་མ་དང་བསྡུར་ན་མིང་ཐོར་ཚུད་པའི་ཀུང་སི་ཡི་ཨང་རིམ་ལ་འགྱུར་བ་ཆེན་པོ་བྱུང་འདུག

     གསར་འགོད་པས་ལེགས་སྒྲིག་བྱེད་པའི་ཁྲོད་ད་ལོར་མིང་ཐོའི་ནང་ཚུད་པའི་ཁེ་ལས་ཀྱི་ཚོང་གཉེར་ཡོང་སྒོ་སྤྱི་བསྡོམས་ཨ་སྒོར་དུང་ཕྱུར་ཁྲི་41ཡས་མས་ཡིན་པ་དང་། ན་ནིང་ལས་8.4%འཕར་ཡོད། ཨང་རིམ་མིང་ཐོར་ཚུད་པའི་ཨ་སྒོར་དུང་ཕྱུར་286ནས་ཨ་སྒོར་དུང་ཕྱུར་309བར་ཇེ་མཐོར་བཏང་འདུག ཡིན་ནའང་འཛམ་གླིང་གི་དཔལ་འབྱོར་ཆག་པའི་ཤུགས་རྐྱེན་ལས་ད་ལོ་མིང་ཐོའི་ནང་ཚུད་པའི་ཀུང་སིའི་ཁེ་སྤོགས་རྐྱང་བའི་སྤྱི་བསྡོམས་དེ་ན་ནིང་གི་དུས་མཉམ་ལས་6.5%ཉུང་དུ་སོང་ཡོད་དེ། ཧ་ལམ་ཨ་སྒོར་དུང་ཕྱུར་ཁྲི་2.9ཡིན་པ་ཤེས་རྟོགས་བྱུང་བ་རེད། 

 

ཨང་དང་པོ་ཨ་རིའི་ཝོར་མཱ་ཀུང་སི།

 

      མིང་ཐོའི་མདུན་གྱི་ཨང་རིམ་གསུམ་པའི་ཁྲོད་ཝོར་མཱ་སྔར་བཞིན་དང་པོ་ཡིན་པ་དང་།  བསྟུད་མར་ལོ་བཅུ་འཛམ་གླིང་གི་ཆེས་ཆེ་བའི་ཀུང་སིར་གྱུར། སོ་ཏི་ཨ་རབ་དང་

སོ་ཏི་ཨ་རབ་ཀྱི་ཨ་མེ་ཀུང་སི་ཨང་གཉིས་པར་སླེབས་པ་དང་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སི་མུ་མཐུད་ཨང་གསུམ་པ་ཡིན་པ།  ཡ་མ་ཤུན་ཨང་རིམ་གསུམ་པའི་ནང་ཚུད་མེད། ཨང་དང་པོ་ནས་བཅུ་པ་བར་གྱི་ཁེ་ལས་གཙོ་བོ་ཨ་རི་དང་། ཀྲུང་གོ སོ་ཏི་ཨ་རབ། དབྱིན་ཇི་བཅས་ནས་ཡིན་པ་རེད། ཞིབ་ཕྲ་ཨ་རིའི་ཁེ་ལས་5ཡོད་པ་དེ་དག་ནི་ཝོར་མ་དང་། ཡ་མ་ཤུན། ཨེ་ཁེ་སེན་མེ་ཧྥུ། ཀུ་ཤུ་ཀུང་སི། མཉམ་འབྲེལ་བདེ་ཐང་ཚོགས་པ་བཅས་ཡིན་པ་དང་། ཀྲུང་གོའི་ཁེ་ལས་3ཡོད་པ་དེ་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་རྡོ་སྣུམ་རྫས་གྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་བཅས་རེད། གདན་ཐོབ་ལྷག་མ་གཉིས་སོ་ཏི་ཨ་རབ་དང་དབྱིན་ཇིའི་ཁེ་ལས་ཀྱིས་བཟུང་ཡོད།

 

  ཨང་གཉིས་པ་སོ་ཏི་ཨ་རབ་ཀྱི་ཨ་མེ་ཀུང་སི།

 

       ལས་རིགས་ནས་བལྟས་ན། ད་ལོར་མིང་ཐོའི་ནང་ཚུད་པའི་དྲ་སྦྲེལ་ཀུང་སི་8མང་དུ་ཕྱིན་ནས་ཀྲུང་གོ་དང་ཨ་རི་སོ་སོས་ཕྱེད་ཀ་ཙམ་བཟུང་ཡོད། ཡ་མ་ཤུན་དང་། AlPICཀུང་སི། ཅིན་ཏུང་། ཨ་ལི་པཱ་པཱ། ཐེང་ཤུན། མཱེ་ཐོན་སོགས་རེད། དེའི་ཁྲོད་ནས་མཱེ་ཐོན་དང་Uberགཉིས་མིང་ཐོའི་ནང་ཚུད་ཐེངས་དང་པོ་རེད། འོན་ཀྱང་Alalehabetཀུང་སི་ཕུད། མདུན་གྱི་དྲ་སྦྲེལ་ཀུང་སི་དྲུག་པོའི་མིང་ཐོའི་ཨང་རིམ་ཚང་མ་ཆག་ཡོད་པ་རེད། ཅིང་ཏུང་ཨང་52པར་སླེབས་པ་དང་ལོ་གོང་མར་ཨང་46ཡིན་པ་རེད། ཨ་ལི་པཱ་པཱ་ཨང་68ཡིན་པ་དང་ན་ནིང་ཨང་55ཡིན་པ།  མཱེ་ཐོན་ཨང་467པར་སླེབས་ཡོད་པ་རེད།

 

ཨང་གསུམ་པ་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སི།

 

     མིང་ཐོ་ལ་བལྟས་ན་གོ་ལ་ཧྲིལ་པོའི་གློག་རྡུལ་འཛད་སྤྱོད་ཁེ་ལས་ལ་འགྲན་རྩོད་འཕྲད་ཡོད་དེ། གོ་ལ་ཧྲིལ་པོའིPCབཟོ་གྲྭ་གཙོ་བོ་ལེན་ཞང་དང་། ཏེ་ཨར། ཧུའེ་ཕུའུ་བཅས་ཨང་500པའི་ནང་གི་ཨང་རིམ་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་ཆག་གི་ཡོད་པ་རེད། གཞན་ཡང་ཧྭ་ཝུའེ་ཨང་རིམ་15བབས་ནས་ཨང་111ཡིན་པས་མདུན་གྱི་ཨང་རིམ་100ཡི་ནང་ཚུད་མེད། ཞའོ་མེ་ཚོགས་པའི་ཨང་རིམ་ཡང་ན་ནིང་གི་ཨང་266ནས་ཨང་360བར་ཆག་ཡོད་པ་རེད།

     མིང་ཐོའི་ནང་ཀྲུང་གོའི་རླངས་འཁོར་ཁེ་ལས་9ཚུད་ཡོད། དེའི་ནང་པི་ཡ་ཏི་ཨང་436ནས་ཨང་212བར་འཕར་ནས་ཨང་རིམ་འཕར་ཚད་ཆེ་ཤོས་ཀྱི་ཀྲུང་གོའི་ཀུང་སི་ཞིག་ཡིན་པ་དང་། ཉིང་ཏེ་དུས་རབས་ཞེས་པ་ཐོག་མར་མིང་ཐོའི་ནང་ཚུད་པ་དང་ཨང་292ཟིན་ཡོད་པ་རེད།

     འཛམ་གླིང་གི་སྟོབས་ཆེན་ཁེ་ལས་500ཡི་སྤྱིའི་ཁེ་སྤོགས་ཆག་པའི་གནས་ཚུལ་འོག་སྔར་བཞིན་ཀུང་སི་མང་པོ་ཞིག་གི་ཁེ་སྤོགས་ཆེས་ཆེར་འཕར་ཡོད། ཁེ་སྤོགས་ཐད་སོ་ཏི་ཨ་རབ་ཀྱི་ཨ་མེ་ཡི་ཁེ་སྤོགས་51%འཕར་ནས་ཁེ་སྤོགས་ཨང་རིམ་དང་པོ་བཟུང་ཡོད་པ་རེད། ཁེ་སྤོགས་ཨང་དང་པོ་ནས་བཅུ་པའི་ཁྲོད་ཀྲུང་གོའི་ཀུང་སི་གཉིས་ནི་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཡིན་པ་དང་། དེའི་ནང་བཟོ་ཚོང་དངུལ་ཁང་གི་ཁེ་སྤོགས་ཨ་སྒོར་དུང་ཕྱུར་535ལས་བརྒལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཐེ་རོན་ཕུ་ལོ་561རིང་བཙོན་འཇུག་བྱེད་ཉེན་ཡོད་དམ།

མིག་སྔར་སྤྱི་མཐུན་ཏང་གི་འདེམས་དམངས་ཁྲོད་ཐེ་རོན་ཕུ་ཡི་སྙན་གྲགས་སྔར་བཞིན་ཆེན་པོ་གནས་ཡོད། ཉེ་ཆར་ཉིའུ་ཡོག་སྐབས་དོན་ཚགས་པར་དང་ཞི་ཡེ་ན་སློབ་གླིང་གི་དམངས་འདོད་བརྟག་དཔྱད་ཀྱི་རྣམ་གྲངས་ཤིག་ལས་མངོན་པར།

中央广播电视总台 央广网 版权所有

འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་ཨང་རིམ་ཐོན་འདུག ཨང་དང་པོ་ནི་་་

འཛམ་གླིང་གི་སྟོབས་ཆེན་ཁེ་ལས་500ཡི་སྤྱིའི་ཁེ་སྤོགས་ཆག་པའི་གནས་ཚུལ་འོག་སྔར་བཞིན་ཀུང་སི་མང་པོ་ཞིག་གི་ཁེ་སྤོགས་ཆེས་ཆེར་འཕར་ཡོད།