ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ལྗོངས་ཀྱི་བུད་མེད་ཚོས་གནམ་ཕྱེད་ཀ་འདེཊ་བཞིན་འདུག

2023-08-30 11:10:00     责编:桑吉卓玛

བོད་ལྗོངས་ཀྱི་བུད་མེད་ཚོས་གནམ་ཕྱེད་ཀ་འདེཊ་བཞིན་འདུག

       གསར་འགོད་པས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་ཀའི་ཕན་འབྲས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་འདུའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔའི་རིང་། བོད་ལྗོངས་ཀྱི་བུད་མེད་དང་བྱིས་པར་སློབ་གསོ་ཐོབ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་དང་བསྟུན་རིམ་པ་ཁག་དང་རིགས་ཁག་གི་ཕོ་མོའི་སློབ་གསོའི་ཧེ་བག་གཞི་རྩའི་ཆ་ནས་མེད་པར་གྱུར་བ་དང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མི་སེམས་སུ་གཏིང་ཟབ་ཟུག་པ། བོད་ལྗོངས་ཀྱི་བུད་མེད་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱུང་ནས། མིག་སྔའི་བོད་ལྗོངས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣའི་ཁྲོད་བུད་མེད་ཀྱིས་42.9%བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

 

 

       བུད་མེད་ཀྱི་ལས་རིགས་རྩལ་ནུས་བྱང་ཚད་དང་ལས་གཏོད་ལས་ཞུགས་ནུས་པ་ཆེ་རུ་ནུས་ལྡན་གཏོང་ཆེད། ལོ་ལྔའི་རིང་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས། འཐག་ལས་ལག་ཤེས་དང་། ཁྱིམ་ལས་ཞབས་ཞུ། སྤོས་བཟོ། དྲ་ཐོག་ཚོང་དོན་སོགས་ཀྱི་གསོ་སྦྱོང་བྱས་ཏེ་༼ཨ་ཅག་གི་རྩལ་ནུས་༽ཞེས་པའི་སྤུས་རྟགས་བཏོད་པ་མ་ཟད། ༼བུད་མེད་ཀྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི༽སོགས་བུད་མེད་དང་འབྲེལ་བ་ཡོད་པའི་རྟེན་གཞི་36བཙུགས་ནས་བུད་མེད་ཁྲི་ཙམ་ལས་ཞུགས་ཐུབ་སྟེ་བོད་ལྗོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་བུད་མེད་ལས་40%ཡན་ཟིན་ཡོད་པ་རེད།

 

 

       ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་བུད་མེད་ཀྱིས་36.6%དང་། 29.1% 22.6%བཅས་ཟིན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་དང་། སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བུད་མེད་ཀྱིས་བཟུང་བའི་བསྡུར་གྲངས་ཁག་སོ་སོར་32.4%དང་། 30.4% 28.1%བཅས་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། གྲོང་ཚོ་(སྡེ་ཁུལ)100%ལ་བུད་མེད་ཁོངས་མི་བཀོད་སྒྲིག་བྱས་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 
ཞུ་དག ལྷག་པ། མིག་དམར་རྒྱ་མཚོ། 
སྒྲིག་སྒྱུར། ཚེ་ཕུན།

 

中央广播电视总台 央广网 版权所有

བོད་ལྗོངས་ཀྱི་བུད་མེད་ཚོས་གནམ་ཕྱེད་ཀ་འདེཊ་བཞིན་འདུག

གསར་འགོད་པས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་ཀའི་ཕན་འབྲས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་འདུའི་གནས་ཚུལ་