ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཚན་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་དགོས། (སྒྲ)

2021-01-23 16:27:00     责编:桑吉卓玛

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་ཉི་མ་མཚམས་གཅོད།

您的浏览器不支持 audio标签

       བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་ཉི་མ་མཚམས་གཅོད་ལགས་ནི་ཚན་རྩལ་ཆེད་མངགས་པ་ཞིག་ཡིན་ཞིང་། 1996ལོ་ནས་ཁོང་གིས་ཞིང་ནང་དང་མུ་ཁར་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ལས་ལ་གཞོལ་ཡོད་པ་དང་། དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་མང་ཚོགས་ཀྱིས་མཐོང་མྱོང་མེད་པ་དང་། ཟ་མྱོང་མེད་པའི་ཚལ་རིགས་མང་པོ་འདེབས་འཛུགས་བྱས་པར་དགའ་བསུ་ཐོབ་ཡོད་ཅིང་། རྟག་ཏུ་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་མཛུབ་སྟོན་བྱེད་པར་སྐད་གཏོང་གི་ཡོད། ཉི་མ་མཚམས་གཅོད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་ཚན་རྩལ་ཡར་ཐོན་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་45.6ཟིན་ཡོད་ཅེས་འཁོད་འདུག་པས། རང་ཉིད་ཀྱིས་ཡུན་རིང་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ལས་ལ་ཞུགས་པར་དོན་སྙིང་ཆེན་པོ་ཡོད་པ་ཤེས་ཚོར་བྱུང་ཞེས་གསུངས་འདུག 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ལྷག་པ། 

གསར་འགོད་པ། བསྟན་འཛིན། 

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཚན་རྩལ་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་དགོས། (སྒྲ)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་ཉི་མ་མཚམས་གཅོད་ལགས་ནི་ཚན་རྩལ་ཆེད་མངགས་པ་ཞིག་ཡིན་ཞི