ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁ་རས་བརྒྱབ་ནས་མིག་ཤེལ་ལ་ཁ་རླངས་འཁོར་ཚེ། ཐབས་ཤེས་འདི་ཡག་པོ་འདུག

2021-01-21 14:39:00     责编:卓玛才让

    དེང་གི་ཆར་ཕྱིར་སྐྱོད་སྐབས་མི་མང་ཆེ་བས་ཁ་རས་རྒྱག་གི་ཡོད། ཁ་རས་ཀྱིས་ནད་དུག་འགོག་ཐུབ་རུང་། མིག་ཤེལ་རྒྱག་མཁན་གྱི་ཁ་ལོ་བར་གནད་དོན་འདི་འདྲ་ཞིག་འཕྲད་ཀྱི་ཡོད་དེ། ཁ་རས་བརྒྱབ་རྗེས་དབུགས་གཏོང་སྐབས་མིག་ཤེལ་ལ་ཁ་རླངས་འཁོར་ནས་རབ་རིབ་ཏུ་གྱུར་ཞིང་། སྐབས་རེ་འགྲིམ་འགྲུལ་གྱི་ལས་འཛོལ་ཡང་ཐོན་གྱི་ཡོད། 

མིག་ཤེལ་ལ་ཁ་རླངས་འཁོར་ནས་ལམ་དཀྱིལ་གྱི་ལྕགས་དྲར་བརྡུངས་པ། 

     མིག་ཤེལ་ལ་ཁ་རླངས་འཁོར་དོན་ནི་ཁ་རླངས་ཚ་པོ་དང་མིག་ཤེལ་གྱི་ཤེལ་སྒོ་གྲང་མོ་ཡིན་པས་རེད། དེར་བརྟེན། མིག་ཤེལ་རླངས་པས་མི་སྒྲིབ་པ་བྱེད་དགོས་ན། ཁ་རས་དང་ངོ་གདོང་གི་སྲུབ་ནས་ཁ་རླངས་མ་ཤོར་བ་བྱེད་དགོས། དེ་ལྟར་བྱས་ཚེ་མིག་ཤེལ་ལ་ཁ་རླངས་མང་པོ་འཁོར་མི་སྲིད། གཤམ་ལ་མིག་ཤེལ་རྒྱག་མཁན་གྱིས་ཁ་རས་ཇི་ལྟར་རྒྱག་དགོས་མིན་ལ་ལན་གཅིག་གཟིགས་དང་། 

    ཁ་རས་རྒྱག་སྐབས། ཁ་རས་ཀྱི་ལྕགས་ལྷེབ་སྲབ་མོ་དེ་སྣ་ཁུག་ཐོག་ཏུ་དམ་པོར་གནོན་དགོས། ཇི་ཙམ་གྱིས་དམ་ན་དེ་ཙམ་གྱིས་མིག་ཤེལ་ལ་ཁ་རླངས་ཉུང་བ་འཁོར་སྲིད། གཞན་ཡང་། དྲ་གྲོགས་ཚོས་ཁ་རས་རྒྱག་སྐབས་མིག་ཤེལ་ལ་ཁ་རླངས་མི་འཁོར་བའི་ཐབས་ཤེས་ཡག་པོ་ཞིག་བསླབས་འདུག་སྟེ།

 ཁ་རས་དང་རིང་ཚད་གཅིག་པ་ཡིན་པའི་ཤོག་བུ་ཞིག་ལྟེབས་རྩེག་བརྒྱབ་ནས་ཁ་རས་ཀྱི་ལྕགས་ལྷེབ་ལ་སྦྱར་དགོས། 

དེ་ནས། ལྕགས་ལྷེབ་འདི་སྣ་ཁུག་ཐོག་ཏུ་དམ་པོར་གནོན་དགོས། 

    ཤ་ཚའི་དྲན་སྐུལ། གལ་ཏེ། མོ་ཊ་སོགས་ཀྱི་ནང་སོ་སོ་གཅིག་པུ་ཡིན་ཚེ། ཁ་རས་ཡིན་གཅིག་རྒྱག་དགོས་མེད། དེ་དང་ཆབས་ཅིག མོ་ཊའི་སྒེའུ་ཁུང་སོགས་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བར་བྱེད་དགོས། 

    མོ་ཊ་མ་བཏང་གོང་ནས་ཁ་རས་རྒྱག་པ་ལས། མོ་ཊ་གཏོང་གིན་གཏོང་གིན་ཁ་རས་བརྒྱབ་ན་འགྲིམ་འགྲུལ་ལས་འཛོལ་ཐོན་ཉེན་ཆེན་པོ་ཡོད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཁ་རས་བརྒྱབ་ནས་མིག་ཤེལ་ལ་ཁ་རླངས་འཁོར་ཚེ། ཐབས་ཤེས་འདི་ཡག་པོ་འདུག