ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དྲན་གདུང་།

2021-01-23 16:26:00     责编:桑吉卓玛

༼གླུ་གཞས་འདི་ལོ་གསར་ལ་ལས་བྲེལ་དབང་གིས་ཁྱིམ་ལ་ལོག་མི་ཐུབ་པའི་བུ་ཕྲུག་རྣམས་ལ་ཕུལ། ༽

 

 

 

ཚིག་གདངས། གུ་གེ་བློ་བཟང་། 

གཞས་པ། ཉི་མ་དོན་གྲུབ། 

བརྙན་འཇོག་ས།

 

༡ མི་ཚེ་རིང་པོ་ལ་དགའ་སོང་དགའ་སོང་བསམ།     

   ཕ་མ་སྤུན་མཆེད་རྣམས་འཛོམས་སོང་འཛོམས་སོང་བསམ།        

   སྐྱིད་པའི་ལོ་གསར་ལ་ལོག་འགྲོ་ལོག་འགྲོ་བསམ།  

   ཕ་མའི་བཀའ་དྲིན་ལ་གསོལ་དགོས་གསོལ་དགོས་བསམ། 

   ཨ་ཙི་ཕོ་རོག་ནག་ཆུང་ལགས་ཀྱིས་ཚུར་ལ་ལན་གཅིག་གསན།      

   ཐག་རིང་ཕ་ཡུལ་ཕྱོགས་ལ་བུ་ངའི་འཕྲིན་པ་ལན་གཅིག་བསྣམས། 

   ང་ཡི་ཨ་མ་ལགས་སྙིང་ནས་དྲན་པ་ལ། 

   ང་ཡི་སྐྱོ་བ་ལ་བྱ་ཞིག་ཡིན་ན་བསམ། 

   རང་ཡུལ་ཕྱོགས་ལ་གཤོག་རྩལ་ངོམས་ནས་འཕུར་རྒྱུ་བྱུང་ན་བསམ། 

   དྲིན་ཆེན་ཨ་མ་ད་ལྟ་མྱུར་དུ་མཇལ་རྒྱུ་བྱུང་ན་བསམ། 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་འགན་འཁུར། ལྷག་པ།

བཟོ་སྒྲིག གངས་ཕྲུག་བློ་རྒྱ། 

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

དྲན་གདུང་།

གླུ་གཞས་འདི་ལོ་གསར་ལ་ལས་བྲེལ་དབང་གིས་ཁྱིམ་ལ་ལོག་མི་ཐུབ་པའི་བུ་ཕྲུག་རྣམས་ལ་ཕུལ།