ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རླངས་འཁོར་གྱི་སྒོ་ཤུགས་ཆེན་པོས་མ་བརྒྱབ་རོགས་གནང་།

2021-01-23 16:24:00     责编:桑吉卓玛

རླངས་འཁོར་གྱི་སྒོ་ཤུགས་ཆེན་པོས་མ་བརྒྱབ་རོགས་གནང་།

རླངས་འཁོར་ཁ་ལོ་བར་རྒྱུན་དུ་གཤམ་གསལ་གྱི་གནས་ཚུལ་འདི་འདྲ་བ་འཕྲད་སྲིད་དེ། 

འགྲུལ་པ་ཁ་ཤས་རླངས་འཁོར་ནང་སྡོད་སྐབས་འཇམ་ཐིང་ཐིང་ཡིན་ཡང་།

རླངས་འཁོར་ལས་མར་འབབ་སྐབས་འཁོར་སྒོ་ཤུགས་ཆེན་པོས་བརྒྱབ་ནས་རླངས་འཁོར་ཕྱི་ནང་གི་མི་ཐམས་ཅད་འདྲོག་ཏུ་བཅུག་གི་ཡོད། 

རླངས་འཁོར་གྱི་སྒོ་ཤུགས་ཆེན་པོས་བརྒྱབ་ན།

ཁ་ལོ་བ་དང་རླངས་འཁོར་གཉིས་ཀར་གནོད་པ་ཆེན་པོ་ཐེབས་སྲིད།

 

རླངས་འཁོར་ལ་གནོད་པ་ཅི་ཞིག་ཡོད་དམ། 

       རླངས་འཁོར་གྱི་སྒོ་ནི་སྒྲིག་བཀོད་ཅུང་རྙོག་འཛིང་ཅན་གྱི་ལྷུ་ཆས་ཤིག་ཡིན་པ་དང་། དེའི་ནང་སྒོ་ལྕགས་དང་། ཤེལ་སྒོའི་འདེགས་འབེབས་འཕྲུལ་ཆས། སྒྲ་དུང་། རྡུང་ཁ་སྔོན་འགོག་གི་གདུང་མ། གཞན་ད་དུང་ཆུ་འགོག་དང་སྒྲ་འགོག་འཕྲུལ་ཆས་སོགས་ཡོད།

 

       རླངས་འཁོར་གྱི་སྒོ་དང་རླངས་འཁོར་གཉིས་པོ་སྦྲེལ་བྱེད་ལྕགས་ཐག་དང་ཚོད་འཛིན་འཕྲུལ་ཆས་ལ་བརྟེན་ནས་སྦྲེལ་ཡོད། སྔོན་མ་དེས་འཁོར་སྒོ་བརྟན་འཇགས་ཡོང་བ་བྱེད་པ་དང་ཕྱི་མ་དེས་འཁོར་སྒོ་ཁ་ཆེ་ཆུང་ག་ཚོད་འབྱེད་ཐུབ་མིན་ཚོད་འཛིན་བྱས་ཡོད།

གནོད་པ། 

 

       1.སྦྲེལ་བྱེད་ལྕགས་ཐག་དང་བརྟན་འཇགས་འཕྲུལ་ཆས་གཉིས་ལ་གནོད་པ་ཐེབས་སྲིད།

       2.སྒྲ་འགོག་རིམ་པར་གནོད་པ་ཐེབས་སྲིད། གལ་ཏེ་འཁོར་སྒོ་ལ་ཆག་སྐྱོན་བྱུང་ན་འཛེར་སྒྲ་ཐད་ཀར་རླངས་འཁོར་ནང་དུ་བསྒྲག་འོངས།

       3.རླངས་འཁོར་གྱི་སྒོ་རྙིང་ཧྲུལ་དུ་འགྱུར་སླ་ཞིང་། སྦྲེལ་བྱེད་ལྕགས་ཐག་དང་ཚོད་འཛིན་འཕྲུལ་ཆས་གཡོ་འགུལ་བྱུང་ཚེ་འཁོར་སྒོའི་ནང་དུ་ཡང་གཡོ་འགུལ་འབྱུང་ངེས།

       4.འཁོར་སྒོར་མིག་གིས་མཐོང་མི་ཐུབ་པའི་དུས་གཏན་རང་བཞིན་གྱི་གཟུགས་འགྱུར་འབྱུང་ངེས་པ་དང་། དེས་འཁོར་སྒོའི་སྤྱོད་ཡུན་ལ་གནོད་པ་ཐེབས་སྲིད།

       སྒོ་ཤུགས་ཆེན་པོས་བརྒྱབ་པ་དེས་ད་དུང་མི་ལའང་གནོད་པ་ཐེབས་སྲིད། 

       འཁོར་སྒོ་ཤུགས་ཆེན་པོས་བརྒྱབ་པ་ལས་བྱུང་བའི་རླུང་རྒྱུན་གྱིས་རླངས་འཁོར་ནང་གི་ རླུང་གི་གནོན་ཤུགས་ལ་ཤུགས་རྐྱེན་ཐེབས་ཏེ། རླངས་འཁོར་ནང་སྡོད་མཁན་གྱི་ཁ་ལོ་བའམ་འགྲུལ་པའི་རྣ་བའི་སྐྱི་ལྤགས་ལ་གནོད་སྲིད། 

       གཞན་ཡང་། འཁོར་སྒོ་དམ་པོར་བརྒྱབ་ཡོད་མེད་ནི་རླངས་འཁོར་ནང་གི་ལྷུ་ཆས་མང་པོ་ཞིག་གི་འབྲེལ་བ་ཡོད་པས། ཤུགས་འོས་འཚམས་བརྒྱབ་ན་ཆོག་པ་ལས་ཤུགས་ཆེན་པོ་བརྒྱབ་དགོས་དོན་མེད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ཟླ་བ་གཡུ་སྒྲོན།

སྒྲིག་སྒྱུར། སྙན་དབྱངས། 

 

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

རླངས་འཁོར་གྱི་སྒོ་ཤུགས་ཆེན་པོས་མ་བརྒྱབ་རོགས་གནང་།

རླངས་འཁོར་ལས་མར་འབབ་སྐབས་འཁོར་སྒོ་ཤུགས་ཆེན་པོས་བརྒྱབ་ནས་རླངས་འཁོར་ཕྱི་ནང་གི་མི་ཐམས་ཅད་འདྲོག་ཏུ་བཅུག་གི་ཡོད།